From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སམ་ (1)
| Part of speech
|
ཕྲད་ཚིག
|
| Definition
|
འབྱེད་པ་ལ་འཇུག་པ། དབྱེ་གཞི་གཅིག་ལས་དབྱེ་བ་དུ་མ་སོ་སོར་འབྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ས་ཡིག་མཐར་སམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
འཇམ་དཔྱད་གསུམ་ནི། དུགས་སམ། ལུམས་སམ། བྱུག་གོ་ལྟ་བུ།
|
སམ་ (2)
| Part of speech
|
ཕྲད་ཚིག
|
| Definition
|
སྡུད་པ་ལ་འཇུག་པ། བསྡུ་བྱ་དུ་མ་བསྡུ་གཞི་གཅིག་ཏུ་སྡུད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ས་ཡིག་མཐར་སམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
དུགས་སམ། ལུམས་སམ། བྱུག་ནི་འཇམ་དཔྱད་གསུམ་མོ་ལྟ་བུ།
|
སམ་ (3)
| Part of speech
|
ཕྲད་ཚིག
|
| Definition
|
གདམ་ངའི་དོན་ལ་འཇུག་པ། གདམ་བྱའི་དོན་དུ་མའི་ནང་ནས་ཆོས་གང་རུང་ཞིག་འདེམས་པར་བྱེད་དུ་བཅུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ས་ཡིག་མཐར་སམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
གཞན་ལ་གནོད་འཚེ་བྱེད་པ་ནི་ཆོས་སམ་འཇིག་རྟེན་ཡ་རབས་ཀྱི་ལུགས་གང་ལའང་མི་མཐུན་ལྟ་བུ།
|
སམ་ (4)
| Part of speech
|
ཕྲད་ཚིག
|
| Definition
|
དྲི་བ་སྟོན་པ། དོན་གང་ཡིན་མ་ངེས་པའམ་བློ་གཉིས་སུ་ཕྱོགས་ཏེ་ཐེ་ཚོམ་ཟ་བ་སོགས་དྲི་བའི་དོན་ལ་འཇུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ས་ཡིག་མཐར་སམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
ཁྱེད་རང་སྐུ་རྐྱང་ཕེབས་ནུས་སམ་མི་ནུས། བུ་མོ་སྣང་ས་སྐུ་ཁམས་བདེ་ལགས་སམ་ཞེས་པ་ལྟ་བུ།
|