9189

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞུག་པ་ལྡེམ་དགོངས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། གདུལ་བྱ་འགའ་ཞིག་སངས་རྒྱས་ཀྱི་བསྟན་པ་ལ་གཞུག་པའི་ཆེད་དུ་གནས་སྐབས་གདུལ་བྱའི་བསམ་པ་དང་བསྟུན་ནས་གསུངས་པའི་དྲང་དོན་གྱི་མདོ་ཞིག་ལ་བྱའོ། །མཚན་གཞི་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དེ་ཡང་དང་པོ་གཞུག་པ་ལ་ལྡེམ་པོར་དགོངས་པ་ནི། ཕྱི་རོལ་པའི་ལྟ་བ་ལ་གོམས་པའི་གདུལ་བྱ་འགའ་ཞིག་བསྟན་པ་ལ་གཞུག་པའི་དོན་དུ་གང་ཟག་གི་བདག་ཡོད་པར་སྟོན་པའི་མདོ་ལྟ་བུ། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གཞུག་པ་ལྡེམ་དགོངས་

|; |@@@ | | }}