91919

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སའི་ཁྱད་ཆོས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། སྐབས་འདིར་བྱང་སེམས་འཕགས་པའི་རྒྱུད་ཀྱི་མངོན་རྟོགས་ཀྱི་ཡོན་ཏན་དང་དེའི་བྱེད་ལས་ལ་སའི་ཁྱད་ཆོས་ཞེས་བརྗོད་པ་ཡིན། དེའི་ཚུལ་ཡང་པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། གསུམ་པ་སའི་ཁྱད་ཆོས་ལ་གཉིས་ཡོད་དེ། སྤང་བྱ་སྤོང་བའི་ཁྱད་པར་དང། ཡོན་ཏན་ལྷག་པའི་ཁྱད་པར་དང་གཉིས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ས་དང་པོར་ཉོན་སྒྲིབ་ཀུན་བརྟགས་བརྒྱ་དང་བཅུ་གཉིས། ཤེས་སྒྲིབ་ཀུན་བརྟགས་བརྒྱ་དང་བརྒྱད་ཀྱི་ས་བོན་སྤོང་ཞིང་སྒོམ་ལམ་གྱིས་བསྡུས་པའི་ས་དང་པོ་ནས་བཅུ་པའི་བར་དུ་ཉོན་སྒྲིབ་ལྷན་སྐྱེས་བཅུ་དྲུག་དང། ཤེས་སྒྲིབ་ལྷན་སྐྱེས་བརྒྱ་དང་བརྒྱད་ཀྱི་ས་བོན་སྤོང་བའི་ཕྱིར། ཉོན་སྒྲིབ་ཀུན་བརྟགས་བརྒྱ་དང་བཅུ་གཉིས་ཡོད་དེ། འདོད་པའི་སས་བསྡུས་པའི་བདེན་པ་བཞི་ལ་དམིགས་པའི་ལྟ་བ་དང་ལྟ་མིན་ལྔ་ལྔ་སྟེ་བཞི་བཅུ་དང། གཟུགས་གཟུགས་མེད་ཀྱི་སས་བསྡུས་ཀྱི་བདེན་པ་བཞི་ལ་དམིགས་པའི་འདོད་ཆགས་སོགས་བཅུའི་ནང་ནས་ཁོང་ཁྲོ་བཞི་བཞི་བཏོན་ནས་སུམ་ཅུ་རྩ་དྲུག་རྩ་དྲུག་སྟེ། དོན་གཉིས་ཡོད་པའི་ཕྱིར། འགྲེལ་ཆེན་ལས། འདིར་ཡང་འདོད་ཆགས་དང། ཁོང་ཁྲོ་བ་དང། ང་རྒྱལ་དང། མ་རིག་པ་དང། ཐེ་ཚོམ་དང། འཇིག་ཚོགས་ལ་ལྟ་བ་དང། མཐར་འཛིན་པར་ལྟ་བ་དང། ལོག་པར་ལྟ་བ་དང། ལྟ་བ་མཆོག་ཏུ་འཛིན་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམས། འདོད་པའི་ཁམས་ན་བདེན་པ་བཞིའི་དབྱེ་བས་བཞི་བཅུར་འགྱུར་རོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་སུ་ནི། དེ་དག་ཉིད་ལས་བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་ཁོང་ཁྲོ་བརྒྱད་བཏོན་ནས་བདུན་ཅུ་རྩ་གཉིས་སོ། །སྤྱིར་བསྡོམས་ན་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་སྤོང་སྟེ། ཞེས་གསུངས། ཤེས་སྒྲིབ་ཀུན་བརྟགས་བརྒྱ་དང་བརྒྱད་ཡོད་དེ། འདོད་པའི་སས་བསྡུས་ཀྱི་ཤེས་སྒྲིབ་ཀུན་བརྟགས་སོ་དྲུག གཟུགས་ཀྱི་སས་བསྡུས་ཀྱི་ཤེས་སྒྲིབ་ཀུན་བརྟགས་སོ་དྲུག གཟུགས་མེད་ཀྱི་སས་བསྡུས་ཀྱི་ཤེས་སྒྲིབ་ཀུན་བརྟགས་སོ་དྲུག་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། འདོད་པའི་སས་བསྡུས་ཀྱི་མཐོང་སྤངས་སུ་གྱུར་པའི་ཤེས་སྒྲིབ་འཇུག་པ་གཟུང་རྟོག་དགུ ལྡོག་པ་གཟུང་རྟོག་དགུ རྫས་འཛིན་རྟོག་པ་དགུ བཏགས་འཛིན་རྟོག་པ་དགུ་རྣམས་ཡོད་པའི་ཕྱིར། དེས་གཞན་གཉིས་ལའང་རིགས་འགྲེ ཉོན་སྒྲིབ་ལྷན་སྐྱེས་བཅུ་དྲུག་ཡོད་དེ། འདོད་པའི་སས་བསྡུས་ཀྱི་འདོད་ཆགས་ཞེ་སྡང་ང་རྒྱལ་ཉོན་མོངས་ཅན་གྱི་མ་རིག་པ་འཇིག་ལྟ་མཐར་འཛིན་ཏེ་དྲུག་དང། ཁམས་གོང་མ་གཉིས་ཀྱི་སས་བསྡུས་ཀྱི་ཞེ་སྡང་བཏོན་ནས་གཞན་ལྔ་ལྔ་སྟེ་བཅུ་དྲུག་ཏུ་ཡོད་པའི་ཕྱིར་ཏེ། འགྲེལ་ཆེན་ལས། ཞེས་སོགས་གསུངས་སོ། །
Domain ཆོས་ལུགས།