91920

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སའི་གདབ་དམིགས་ཁྱད་པར་ཅན་མདོར་བསྟན་པ་བཅོ་ལྔ་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་ལས་བྱུང་བ་སྟེ། ༡ གནམ་ས་འཁོར་ལོ་རིས་དང་པདྨ༔ ལྟེ་བར་བཏབ་ན་བཀྲ་ཤིས་ཡོན་ཏན་འཐོབ༔ ༢ བྱང་ཁྱུང་འདྲ་བའི་རི་ཡི་གཤོག་པར་གདབ༔ ༣ དར་དཀར་ཡོལ་བ་འཐེན་འདྲའི་སྟོད་དུ་བཟང་༔ ༤ ཆོས་འབྱུང་འདྲ་བའི་མཚམས་སུ་གདབ་པར་བྱ༔ ༥ མཉམ་གཞག་འདྲ་བའི་དཀྱིལ་དུ་བཟང་བ་ཡིན༔ ༦ གླང་ཆེན་འདྲ་ན་སྤྱི་སྟེང་དག་ལ་བཟང་༔ ༧ འབྲི་གཡག་འདྲ་བའི་མཁལ་ཁུང་དག་ཏུ་བཟང་༔ ༨ ཕག་མོ་འདྲ་བའི་ལྟོ་བ་ཤིན་ཏུ་ཟབ༔ ༩ རྒྱལ་པོ་གདན་ལ་བཞུགས་འདྲའི་པང་དུ་བཟང་༔ ༡༠ མོ་བཙུན་འདྲ་བའི་བྲང་ལ་བཏབ་ན་བཟང་༔ ༡༡ དུག་སྦྲུལ་འདྲ་བའི་མགོ་ལ་བཏང་ན་བཟང་༔ ༡༢ སེང་གེ་འདྲ་བའི་སྒལ་པའི་སྟེང་དུ་མཆོག༔ ཆོས་རྒྱུད་མེད་པས་ནོན་པ་ཤིན་ཏུ་དཀའ༔ ༡༣ གཅན་གཟན་འདྲ་བའི་རི་ཡི་སྣ་མགོར་གདབ༔ ༡༤ མཐོ་བ་དག་གི་དམའ་ས་བཟང་བར་བྱ༔ ༡༥ དམའ་བ་དག་གི་མཐོ་ས་ཤིས་པ་ཡིན༔ ཞེས་སོ། །

{{#arraymap:སའི་གདབ་དམིགས་ཁྱད་པར་ཅན་མདོར་བསྟན་པ་བཅོ་ལྔ་

|; |@@@ | | }}