91923

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སའི་ངེས་ཚིག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། སྐབས་འདིར་བྱང་སེམས་འཕགས་པའི་མངོན་རྟོགས་ལ་ས་ཞེས་བརྗོད་པ་ན་སྤྱིར་འཇིག་རྟེན་གྱི་ས་དང་མིང་དོན་མཐུན་པའི་འགྲེལ་བཤད་ཅིག་ལ་སའི་ངེས་ཚིག་ཅེས་བརྗོད་པ་ཡིན། དེ་ལྟར་པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། ལྔ་པ་ངེས་ཚིག་ཡོད་དེ། སའི་སྐད་དོད་བྷུ་མིེ་ས་པ་ཡི་གེ་བསྣན་པའི་ངེས་ཚིག་གིས་བཤད་ན་འབྱུང་པོ་དཔག་མེད་འཇིགས་པ་མེད་པར་བྱེད་པས་སམ། ཡོན་ཏན་དཔག་མེད་གོང་ནས་གོང་དུ་འགྲོ་བས་ན་ས་ཞེས་བརྗོད་པའི་ཕྱིར། རྒྱན་ལས། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱིར་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་གསུངས། དེ་བཞིན་དུ་སོ་སོར་ཕྱེ་ནས་ས་དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱངས་དཀའ་བ། དྲུག་པ་མངོན་དུ་གྱུར་པ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་རྣམས་ལ་དེ་ལྟར་བརྗོད་པའི་ངེས་ཚིག་སྦྱར་བར་བྱའོ། །དེ་ཡང་སངས་རྒྱས་ཀྱི་སར་སྤྱིར་ཚོགས་ཡོད་ཀྱང་སྒྲུབ་པ་ཉམས་ལེན་མེད་པས་ཚོགས་སྒྲུབ་མ་བཤད་ལ། ས་བཅུའི་རྣམ་གྲོལ་ལམ་རྣམས་སྒྲིབ་པ་ཐག་སྲིང་བའི་གཉེན་པོ་དང་ཚོགས་སྒྲུབ་ཀྱི་གཞི་མཐུན་ཡིན་ཀྱང། འདིར་དངོས་སུ་བསྟན་པའི་ཚོགས་སྒྲུབ་ཏུ་མི་བཞག་སྟེ། འདིར་དངོས་སུ་བསྟན་པའི་ཚོགས་སྒྲུབ་ལ་བར་ཆད་མེད་ལམ་གྱིས་ཁྱབ་པ་འགྲེལ་པ་གཉིས་ལས་གསུངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:སའི་ངེས་ཚིག་

|; |@@@ | | }}