91924

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སའི་ངོ་བོ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། སྐབས་འདིར་བྱང་སེམས་འཕགས་པའི་རྒྱུད་ཀྱི་ལམ་གྱི་རྣམ་པའམ་རང་བཞིན་ཞིག་ལ་ཟེར། ཕར་ཕྱིན་སྤྱི་དོན་ལས། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང། སྙིང་རྗེ་ཆེན་པོས་ཟིན་པའི་བྱང་འཕགས་ཀྱི་མཁྱེན་པ་དེ། བྱང་སེམས་འཕགས་པའི་སའི་ངོ་བོར་འཇོག་པའི་ཕྱིར་ཏེ། འཇུག་འགྲེལ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་ལ་སོགས་པས་ཟིན་པ་ནི་ཆར་རྣམ་པར་ཕྱེ་བ་ན་ས་ཞེས་བྱ་བའི་མིང་ཐོབ་སྟེ། ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ། །ཞེས་གསུངས། ས་བཅུའི་མཉམ་གཞག་ཡེ་ཤེས་རྣམས་ཀྱིས་ཆོས་ཉིད་རང་བཞིན་རྣམ་དག་མཐོང་ཚུལ་ལ་ཁྱད་པར་མེད་དེ། མདོ་ལས། ཇི་ལྟར་བར་སྣང་བྱ་རྗེས་མཁས་རྣམས་ཀྱིས། །བརྗོད་པར་ནུས་མ་ཡིན་ཅིང་མི་མཐོང་ལྟར། །དེ་བཞིན་རྒྱལ་བའི་སྲས་ཀྱི་ས་ཀུན་ཡང། །བརྗོད་མི་ནུས་ན་མཉན་པར་ག་ལ་ནུས། །ཞེས་གསུངས། དེ་ལྟར་ནའང་རང་བཞིན་རྣམ་དག་གི་སྟེང་དུ་གློ་བུར་དྲི༌བྲལ་གྱི་ཆ་སྔར་མ་མཐོང་བ་གསར་དུ་མཐོང་བ་རྒྱ་ཆེ་ཆུང་གི་ཁྱད་པར་ས་བཅུ་པའི་བར་དུ་ཡོད་དེ། མདོ་ལས། སྤྲིན་མཐོང་མཁའ་ལ་ཉིན་བཞིན་འདིར་ཁྱོད་བློ་གྲོས་ཕྱོགས་གཅིག་ཅན། །བློ་མིག་དག་པའི་འཕགས་མཆོག་གིས་ཀྱང་རྣམ་པ་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པས། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་རྣམས་ན་བུན་བཞིན་དུ་མཐོང། །ཅེས་གསུངས། ལུང་དོན་འཆད་ཚུལ་འདི་རང་རྒྱུད་པའི་སྐབས་འདིར་ཁས་མི་བླངས་ཏེ། རྣམ་བཤད་དུ། ས་བཅུའི་མཉམ་གཞག་ལ་ཆོས་ཉིད་མཐོང་བ་ལ་ཁྱད་པར་མེད་ཀྱང་། ཆོས་སྐུ་མཐོང་བ་ལ་ཁྱད་པར་ཡོད་ཅེས་པ་འགོག་བདེན་དོན་དམ་བདེན་པར་བཞེད་པའི་ཐལ་འགྱུར་བའི་ལུགས་ལ་སྦྱར་བའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སའི་ངོ་བོ་

|; |@@@ | | }}