91934
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། སྐབས་འདིར་བྱང་སེམས་ཀྱི་མངོན་རྟོགས་དེ་ལ་ས་བཅུའི་སྒོ་ནས་གཏན་ལ་འབེབས་པར་བྱེད་པ་ལ་སའི་དབྱེ་བ་ཞེས་བརྗོད། དེ་ལྟར་པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། གཉིས་པ་དབྱེ་བ་ཡོད་དེ། སྤང་བྱ་སེལ་བ་དང་ཡོན་ཏན་སྒྲུབ་པའི་ནུས་པ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཁྱད་ཞུགས་པའི་དབྱེ་བས་ཕྱེ་བ་ལ་ས་བཅུར་ཡོད་ཅིང། བཅུ་པོ་དེར་གྲངས་ངེས་པའང་ཡིན་པའི་ཕྱིར། གྲངས་ངེས་པ་ཡིན་ཏེ། ཡོངས་སྦྱོང་མི་འདྲ་བའི་སྒོ་ནས་དེར་ངེས་པའི་ཕྱིར་ཏེ། འགྲེལ་ཆེན་ལས། མཐོང་བ་དང་སྒོམ་པའི་ལམ་ཡོངས་སུ་སྦྱོང་བའི་ཆོས་ཀྱི་དབྱེ་བས་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུར་རྣམ་པར་བཞག་གོ ། ཞེས་གསུངས། ས་བཅུར་ཕྱེ་བ་ལ་དགོས་པའང་ཡོད་དེ། ཐེག་ཆེན་ལ་ས་བཅུའི་རྣམ་བཞག་མི་འདོད་པ་རྣམས་ཀྱི་ལོག་རྟོག་དགག་པར་བྱ་བའི་ཆེད་དུ་ཐེག་དམན་རང་ལ་གྲགས་པའི་དམན་པ་ས་བརྒྱད་ཡོད་པ་དཔེར་བཀོད་ནས། ཐེག་ཆེན་ལ་ས་བཅུའི་དབྱེ་བ་མཛད་པའི་ཕྱིར་ཏེ། རིན་ཆེན་འཕྲེང་བར། ཇི་ལྟར་ཉན་ཐོས་ཐེག་པ་ལ། །དམན་པ་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུའོ། །ཞེས་གསུངས། ཞེས་སོགས་གསུངས་སོ། ། |
| Domain | ཆོས་ལུགས། |