91941

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སའི་ཚོགས་སྒྲུབ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། མཐར་ཐུག་གི་བྱང་ཆེན་འབྱིན་པ་ལ་ནུས་པ་མཐུ་ཅན་དུ་གྱུར་པའི་བྱང་སེམས་འཕགས་པའི་རྗེས་ཐོབ་ཀྱི་མཁྱེན་པ། ས་མཚམས། སའི་ཚོགས་སྒྲུབ་ས་བཅུའི་རྗེས་ཐོབ་ན་ཡོད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།
སའི་ཚོགས་སྒྲུབ་ (2)
Part of speech མིང་ཚིག
Definition སྐབས་འདིར་བྱང་སེམས་ཀྱིས་ཚོགས་གཉིས་རྒྱ་ཆེན་པོས་ཟིན་པའི་སྒོ་ནས་སྒོམ་པར་བྱེད་པའི་ཚོགས་སྒྲུབ་བཅུ་བདུན་གྱི་ནང་གསེས་གཙོ་བོ་ས་རང་རང་གི་སྐྱོན་སེལ་ཞིང་ཡོན་ཏན་རྫོགས་པར་བྱེད་པའི་ས་བཅུ་པོ་གང་རུང་གིས་བསྡུས་པའི་མངོན་རྟོགས་ཤིག་ལ་སའི་ཚོགས་སྒྲུབ་ཅེས་འཇོག་པ་ཡིན། སྐབས་འདིར་སའི་ཚོགས་སྒྲུབ་བཤད་པའི་རྒྱུ་མཚན་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། གསུམ་པ་སའི་ཚོགས་སྒྲུབ་བཤད་པ་ལ། མདོ་འཕྲོས་ཀྱི་དབང་དུ་བྱས་ན་གོང་དུ་བརྗོད་ཟིན་པ་ལྟར་ཚོགས་སྒྲུབ་ཕྱི་མ་བདུན་ཀ་འཇུག་སྒྲུབ་ལས་འཕྲོས་པ་ཡིན་པས། སའི་ཚོགས་ཀྱང་དེ་ལས་འཕྲོས་པ་ཡིན་ཏེ། འཇུག་སྒྲུབ་ཀྱི་མདོར་དྲི་བ་ལྔ་བྱས་པའི་དྲི་བ་གཉིས་པ་ཇི་ཙམ་གྱིས་ན་བྱང་ཆེན་ཐེག་པ་ཆེན་པོ་ལ་ཞུགས་པར་ཡང་དག་པར་རིག་པར་བགྱི་བ་ལགས། ཞེས་ཞུས་པའི་ལན་དུ། སའི་ཚོགས་སྒྲུབ་གསུངས་པའི་ཕྱིར། མདོ་ནི། ཇི་ལྟར་ན་བྱང་ཆེན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ཟེར་བ་ནི། ཞེས་སོགས་མདོ་དང་བསྟན་བཅོས་སོགས་ལས་འཕྲོས་ཚུལ་རྣམས་གསུངས། ཡང་དེ་ཉིད་ལས། འོ་ན་ཚོགས་སྒྲུབ་བཅུ་བདུན་གྱི་ནང་ནས་ས་དང། གཉེན་པོའི་ཚོགས་སྒྲུབ་བྱེ་བྲག་ཏུ་འཆད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། དེ་རྣམས་ཀྱི་ནང་ནས་དེ་གཉིས་རྟོགས་དཀའ་བ་ལ་དགོངས་ཏེ་ཟུར་དུ་རྒྱས་པར་བཤད་པའི་ཕྱིར། ཞེས་སོགས་གསུངས་སོ། །