91946

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སའི་ཡོངས་སྦྱོང་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བྱང་སེམས་ཀྱི་ས་དེ་དང་དེ་ཡི་སྐྱོན་དང་བྲལ་ཞིང་ཡོན་ཏན་རྫོགས་པར་བྱེད་པ་ལ་སའི་ཡོངས་སྦྱོང་ཞེས་འཇོག་པ་ཡིན་ཏེ། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། གཉིས་པ་སའི་ཚོགས་ལ། སྤྱིའི་མཚམས་སྦྱར་བ་དང༌། སོ་སོའི་རང་བཞིན་བཤད་པའོ། །དང་པོ་ནི། སའི་ཚོགས་ལས་གང་གི་སྐྱོན་ཟད་པ་དང་ཡོན་ཏན་རྫོགས་པའི་སྒོ་ནས་ཡོངས་སུ་སྦྱོང་བར་འགྱུར་བའི་ཆོས་གང་དག་ཡིན་པ་དེ་དག་བསྟན་པའི་ཕྱིར་དུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་གསུངས་པ། ཞེས་གསུངས་སོ། །
Domain ཆོས་ལུགས།