91947
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། བྱང་སེམས་ཀྱི་ས་བཅུ་པོ་རང་རང་གི་ཡོན་ཏན་ཡོངས་སུ་རྫོགས་པར་ཐོབ་ཟིན་པའི་སྐབས་ལ་སའི་ཡོངས་སྦྱོང་མཐར་ཕྱིན་པ་ཞེས་འཇོག་ཅིང། དེའི་ཚུལ་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྟོད་ཆ་ལས། ཁོ་ན་རེ། འགྲེལ་ཆེན་ལས། དེ་ལ་ས་གང་གི་ཡོངས་སུ་སྦྱོང་བར་འགྱུར་བ་མ་རྫོགས་པ་དེ་སྲིད་དུ་ས་དེ་ཡིན་ལ། ཡོངས་སུ་རྫོགས་ནས་ནི་ས་གཞན་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་མི་འཐད་པར་ཐལ། ས་དང་པོའི་ཡོངས་སྦྱོངས་རྫོགས་པ་དང་ས་གཉིས་པའི་ཡེ་ཤེས་སྐད་ཅིག་དང་པོ་སྐྱེས་པ་དུས་མི་མཉམ་པའི་ཕྱིར་ན། མ་ཁྱབ་སྟེ། འདིའི་རྫོགས་མ་རྫོགས་ཞེས་པ། མཐར་ཕྱིན་མ་ཕྱིན་དང་། འགགས་མ་འགགས་ལ་བཤད་དུ་ཡོད་པའི་ཕྱིར། འདི་ལ་བརྟེན་ནས་ས་བཅུ་ཀ་ལ། བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གང་རུང་མ་ཡིན་པའི་མཉམ་གཞག་ཡེ་ཤེས་རེ་རེ་ཁས་བླངས་དགོས་ཏེ། ས་དེའི་ཡོངས་སྦྱོངས་མ་འགགས་ཤིང་མཐར་མ་ཕྱིན་པ་དེ་སྲིད་དུ་ས་གཞན་དུ་མ་འཕོས་པ་དང་། ས་དེའི་ཡོངས་སྦྱོངས་མཐར་ཕྱིན་ཟིན་ཅིང་འགགས་པ་ན་ས་གཞན་དུ་འཕོས་པར་འཇོག ། ས་དེའི་ཡོངས་སྦྱོངས་མཐར་ཕྱིན་པ་ལ། ས་དེའི་རྗེས་ཐོབ་ཡེ་ཤེས་བསྐྱེད་དགོས་པ་གང་ཞིག ། ས་འོག་མ་འོག་མ་ནས། གོང་མ་གོང་མར་འཕོ་བའི་ཚེ། མཉམ་གཞག་ནས་མཉམ་གཞག་ཏུ་འཕོ་བའི་ཕྱིར། ཕྱི་མ་དེར་ཐལ། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་ནས། ས་དང་པོར་འཕོ་བ་ནས་བརྩམས་ཏེ། རྒྱུན་མཐའི་བར་ཆད་མེད་ལམ་ནས་རྣམ་མཁྱེན་སྐད་ཅིག་དང་པོར་འཕོ་བའི་བར་དེ་ལྟར་ཡིན་པའི་ཕྱིར། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |