91950

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སའི་ཡོན་ཏན་ལྷག་པའི་ཁྱད་པར་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། སྐབས་འདིར་བྱང་སེམས་འཕགས་པའི་རྒྱུད་ཀྱི་ས་རྣམས་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་གོང་ནས་གོང་དུ་ལྷག་པའི་ཁྱད་པར་རྣམས་ལ་སའི་ཡོན་ཏན་ལྷག་པའི་ཁྱད་པར་ཞེས་བརྗོད་དེ། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། གཉིས་པ་ཡོན་ཏན་ལྷག་པའི་ཁྱད་པར་དྲུག་ཡོད་དེ། རྟེན་གྱི་དབང་དུ་བྱས་པའི་ཡོན་ཏན་ལྷག་པའི་ཁྱད་པར། ཕར་ཕྱིན་ལྷག་པའི་ཁྱད་པར། རྣམ་སྨིན་གྱི་སྐྱེ་བ་འཛིན་ཚུལ་གྱི་ཁྱད་པར། བསླབ་གསུམ་འབྲས་བུ་དང་བཅས་པ་ལྷག་ཚུལ་གྱི་ཁྱད་པར། རྗེས་ཐོབ་ཏུ་ངེས་ཤེས་འདྲེན་ཚུལ་ལྷག་པའི་ཁྱད་པར། ས་ཐོབ་པའི་རྟགས་ཀྱི་ཁྱད་པར་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།