91968

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སར་ཆུད་པའི་རིག་འཛིན་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སར་ཆུད་པའི་རིག་འཛིན་ནི། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། ཕྱི་ནང་གསང་བའི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་པ་ནི་སར་ཆུད་པའི་རིག་འཛིན་ཏེ། དཔལ་ཏྭད་ཏྭ་སང་ཧ་ལས་གསུངས་པ་ལྟར། རིགས་སོ་སོའི་རིག་འཛིན་ཚེ་ལ་དབང་ཐོབ་པར་བྱས་ནས། བསྐལ་པ་ཆུང་ངུ་ཉིས་སྟོང་དུ་གནས་པ་དང་། རྡོ་རྗེ་ཆེན་པོའི་རིག་འཛིན་གྱིས་བསྐལ་པ་སྟོང་དུ་གནས་པ་དང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་ཀུན་ཏུ་འགྲོ་ཞིང་སླར་འོང་བ་དང་། སྒྱུ་འཕྲུལ་ལ་སོགས་པའི་ཆོ་འཕྲུལ་སྟོན་པའོ། །ཞེས་དང་། ཕྱོགས་བཅུའི་མུན་སེལ་ལས། སར་ཆུད་པའི་རིགས་འཛིན་ནི་དཀྱིལ་འཁོར་དུ་ཞུགས་ཏེ་བསྐྱེད་རྫོགས་དང་པོར་མནོས་པ་དག་གོ ། ཞེས་གསུངས་སོ། །
Domain ཆོས་ལུགས།