From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀླས་པ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
མཐའ་མེད་པའམ་མཐའ་རྒྱ་ཆེ་བའི་དོན་ཏེ།
|
| Example
|
ནམ་མཁའི་མཐའ་ཀླས་གྱུར་པའི་མ་རྒན་འགྲོ། །སྡུག་བསྔལ་རྒྱ་མཚོར་འཕྱན་འདི་ཀྱེ་མ་ཧུད། །ལྟ་བུ།
|
ཀླས་པ་ (2)
| Part of speech
|
རྒྱན་ཚིག
|
| Definition
|
མང་བའམ་ཟབ་པའི་དོན་ཏེ།
|
| Example
|
ཐུགས་རྒྱུད་ཀྱི་ཡོན་ཏན་འབྱམས་ཀླས་པ་ལྟ་བུ།
|
ཀླས་པ་ (1)
| Part of speech
|
མིང་ཚིག
|
| Definition
|
རྒྱལ་པོའི་འཁོར་བུད་མེད་རྣམས་ཀྱི་སྡོད་གནས།
|
| Example
|
ཕོ་བྲང་ཀླས་ན་ཞལ་ཏ་མ་རྣམས་མཆིས་ལྟ་བུ།
|
| Type
|
བརྡ་རྙིང་།
|
ཀླས་པ་ (2)
| Part of speech
|
མིང་ཚིག
|
| Definition
|
བཀུར་སྟིའམ་གུས་མཆོད་བྱས་པའི་བྱ་མིང་།
|