9206

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞུང་ཆེན་སྡེ་བཞི་ (1)
Part of speech མིང་ཚིག
Definition བོན། བླ་མེད་མཐར་ཕྱིན་སྨོན་འཇུག་ཆེན་པོའི་གཞུང་། ཐེག་པ་རྣམ་དབྱེ་ས་དང་ལམ་གྱི་གཞུང་། བླ་མེད་གོ་འཕང་བསྒྲུབ་པ་ཐབས་ཀྱི་གཞུང་། སྟོན་པ་བདེ་བར་གཤེགས་པ་རྒྱུད་ཀྱི་གཞུང་དང་བཞི་སྟེ། མདོ་དྲི་མེད་གཟི་བརྗིད་ལས། བྱང་ཆུབ་སེམས་ལ་རབ་ཏུ་བསླབ་པ་དང་། བླ་མེད་མཐར་ཕྱིན་སྨོན་འཇུག་ཆེན་པོའི་གཞུང་། གཡུང་དྲུང་ས་བཅུ་རིམ་པར་བརྩི་བ་སྟེ། ཐེག་པ་རྣམ་དབྱེ་ས་དང་ལམ་གྱི་གཞུང་། སྒྲིབ་སྦྱོང་ཚོགས་རྫོགས་ཐར་པར་བགྲོད་པ་ཡི། བླ་མེད་གོ་འཕང་བསྒྲུབ་པ་ཐབས་ཀྱི་གཞུང་། གྲངས་མེད་ཚོགས་རྫོགས་གྲངས་མེད་སྒྲིབ་སྦྱོང་བའི། སྟོན་པ་བདེ་བར་གཤེགས་པ་རྒྱུད་ཀྱི་གཞུང་། དེ་ལྟར་བཀའ་ལུང་གཞུང་དོན་བཞི་རུ་དབྱེ། ཞེས་གསུངས་སོ། །
Domain ཆོས་ལུགས།