9212
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་ལུང་སྡེ་བཞིའི་ནང་ཚན་གང་ཞིག ལུང་རྣམ་འབྱེད་དང་། ལུང་གཞི། ལུང་ཕྲན་ཚེགས་རྣམས་ལ་དོགས་པ་གཅོད་པའི་གཞུང་ཞིག་ལ་ཟེར། དེའི་ངོ་བོ་དང་ནང་གསེས་ཀྱི་ལེའུ་གྲངས་བཅས་ཡོད་དེ། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དེ་རྣམས་ལ་དོགས་པ་གཅོད་པ་ལ་གཞུང་དམ་པ་སྟེ། ཞེས་དང་། ཡང་དེ་ཉིད་ལས། གཞུང་དམ་པ་ལ་ལེའུ་བཅུ་ཡོད་དེ། ཞུ་བ། འདུལ་བྱེད། གཅིག་ལས་འཕྲོས་པ། ལྔ་ཚན་པ། བཅུ་དྲུག་པ། གླེང་གཞི། སིལ་བུ། གཏམ་གྱི་གཞི། བྲམ་ཟེའི་བུ་མོས་ཞུས་པ། ལུང་མ་མོ་རྣམས་སུ་ཡོད་པའི་ཕྱིར། ཁ་ཅིག་ཨུ་པ་ལིས་དྲིས་པ་བསྣན་ནས་བཅུ་གཅིག་ཏུ་བྱེད་ཀྱང་མི་འཐད་དོ། །ཞེས་སོགས་གསུངས། |