92180
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ནི། སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བ་དགུང་ལོ་སུམ་ཅུར་སོན་པ་ས་བྱི་ལོར་འགྲེལ་པ་འདི་ཉིད་རྩོམ་པའི་དབུ་བརྩམས། དགུང་ལོ་སོ་བདུན་པའི་མེ་འབྲུག ༡༧༣༦ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའི་མདུན་ན་འདོན་མདོ་ཁམས་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་སི་ཏུ་པཎ་ཆེན་གྱི་མདུན་ནས་སུམ་རྟགས་སོགས་རིག་གནས་མང་དུ་གསན། རྗེ་ཉིད་ཀྱི་དགོངས་བཞེད་རྣམས་གཅིག་ཏུ་བསྡུས་པའི་སུམ་རྟགས་ཀྱི་འགྲེལ་པ་ཞིག་མཛད་དགོས་པའི་བཀས་བསྐུལ་ཞུས། སྔར་གྱི་སུམ་རྟགས་འགྲེལ་འཕྲོ་རྙིང་པ་དག་གཞིར་བཟུང་ནས། རྒྱ་གར་གྱི་བརྡ་སྤྲོད་རིག་པའི་སྒྲ་གཞུང་ཀ་ཙན་དབྱངས་གསུམ་ལ་ཁུངས་བཅོལ། བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྐད་ལ་ཞིབ་འཇུག་གནང་ཞིང། ཁྱད་པར་དུ་བོད་ཀྱི་ཡི་གེ་ཐོག་མར་གསར་གཏོད་གནང་སྐབས་ཐུན་མོང་མ་ཡིན་པའི་འཕུལ་རྟེན་དབྱངས་གསུམ་དང། མགོ་འདོགས་བརྩེགས་གསུམ་གྱི་རྣམ་གཞག་འདི་དག་བོད་མདོ་ཁམས་རྒྱལ་མོ་ཚ་བ་རོང་གི་ཡུལ་སྐད་ལ་བརྟེན་ནས་བཟོས་ཡོད་པའི་ངེས་ཤེས་ཐོག །དགུང་ལོ་ཞེ་ལྔ་པའི་ཤིང་བྱི་ ༡༧༤༤ ལོར་གཞུང་འགྲེལ་འདི་ཉིད་གདན་ས་དཔལ་སྤུངས་སུ་མཇུག་ཡོངས་སུ་གྲུབ། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བོད་གཞུང་དགའ་ལྡན་ཕོ་བྲང་གི་སློབ་གཉེར་བ་རྣམས་གཙོས་སེར་འབྲས་དགའ་གསུམ་སོགས་སུ་རིག་གནས་སློབ་གཉེར་གནང་མཁན་རྣམས་ལ་སི་ཏུའི་སུམ་རྟགས་འགྲེལ་ཆེན་ཐོག་ནས་གསན་བསམ་གནང་རྒྱུའི་གོ་སྐབས་སྤེལ། གངས་ཅན་བོད་ཀྱི་བརྡའ་སྤྲོད་རིག་པའི་གཞུང་གི་ཕྱི་མོ་དང་སུམ་རྟགས་འགྲེལ་བ་ཀུན་གྱི་རྩེ་མོར་གྱུར་པ་གཟུར་གནས་མཁས་པ་ཀུན་གྱིས་ཡང་ཡང་བསྔགས་འདི་བོད་ཡུལ་སྟོད་སྨད་བར་གསུམ་གཙོས་རྒྱལ་ཕྱི་ནང་ཀུན་གྱི་བརྡ་སྤྲོད་ཀྱི་མ་དཔེ་རུ་གྱུར་ཡོད། |