92181
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་ཐུ་མི་ཨ་ནུས་མཛད་པའི་སུམ་རྟགས་རྩ་གཞུང་གི་འགྲེལ་པ་ཞིག་སྟེ། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་རང་ལོ་སུམ་ཅུ་ཐམ་པའི་སྐབས་ཐོག་མར་བརྩམས། རབ་བྱུང་བཅུ་གཉིས་པའི་མེ་འབྲུག་ལོ་རང་ལོ་སུམ་ཅུ་སོ་བདུན་པར་སླར་ཡང་བརྩམས་མགོ་ཚུགས་ནས་རབ་བྱུང་བཅུ་གཉིས་པའི་ཤིང་བྱི་ལོ་རང་ལོ་ཞེ་ལྔ་པར་བརྩམས་ཚར། འདི་ལ་ཡོངས་གྲགས་སུ་སི་ཏུའི་འགྲེལ་ཆེན་དུ་འབོད་ཅིང་། སུམ་རྟགས་ཀྱི་འགྲེལ་པ་རིམ་བྱུང་ཁྲོད་གྲགས་ཆེ་ཤོས་ཤིག་ཡིན། འགྲེལ་ཆེན་འདིས་རྩ་ཚིག་ལ་འབྲུ་གནོན་བྱེད་སྟངས་དང་བོད་རང་སྐད་ཀྱི་ཆོས་ཉིད་ལ་གཙིགས་འཛིན་བྱས་ཏེ་བརྡ་སྤྲོད་ཀྱི་གནད་དོན་མང་པོའི་ཐད་དགག་གཞག་སྤོང་གསུམ་བྱེད་སྟངས་སོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པའི་འགྲེལ་པ་ཞིག་རེད། ཕྱིས་ཀྱི་མཁས་པ་ཚོའི་ཁྲོད་སུམ་རྟགས་ཀྱི་གཞི་རྩའི་བཤད་པ་ཁག་ལ་ཁོང་གི་རང་ལུགས་གཞིར་འཛིན་མཁན་ཧ་ཅང་མང་། |