92246

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སིམ་པ་ (1)
Part of speech མིང་ཚིག
Definition དངོས་པོ་གཞན་གྱི་ནང་དུ་འཐིམ་པའམ་ནུབ་པའི་དོན་གྱི་བྱ་མིང།
Example འོ་མ་ཆུ་ནང་དུ་སིམ་པ། གྲུ་མཚོ་གཏིང་དུ་སིམ་པ་ལྟ་བུ།
སིམ་པ་ (2)
Part of speech མིང་ཚིག
Definition བདེ་བའམ་དགའ་བ་བསྐྱེད་པའི་དོན་གྱི་བྱ་མིང།
Example ལུས་ལ་བདེ་བའི་སིམ་པ་རྒྱས། ཟླ་འོད་ཀྱིས་ལུས་ལ་སིམ་པ་བསྐྱེད་ལྟ་བུ།
སིམ་པ་ (3)
Part of speech མིང་ཚིག
Definition མདོ། སིམ་གདུང་བར་མ་གསུམ་གྱི་ནང་གསེས་ཤིག་སྟེ། དེ་ནི་བདེ་བ་ཡིན་ཏེ། མཆིམས་མཛོད་ལས། ཕན་འདོགས་པར་བྱེད་པའི་ཚོར་བ་ནི་སིམ་པ་ཡིན་ནོ། །ཞེས་དང་། སེར་སྨད་རྒྱལ་དབང་མཛོད་ལས། འདིར་སིམ་པ་ནི་བདེ་བ་དང་། ཞེས་གསུངས།
Domain ཆོས་ལུགས།