92258

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སིལ་ནགས་པདྨ་འོད་གསལ་གླིང་ (1)
Part of speech མིང་ཚིག
Definition སིལ་ནགས་པདྨ་འོད་གསལ་བསམ་གཏན་གླིང་ནི། རབ་བྱུང་བཅོ་ལྔ་པའི་སྐབས་སི་ཏུ་ཆོས་ཀྱི་རྒྱ་མཚོའི་ཞལ་སློབ། མེ་ལོང་པདྨ་འོད་གསལ་ནས་སྒྲུབ་མཚམས་བཞུགས་པའི་རི་ཁྲོད་ཅིག་བཏབ། སླར་རིག་གནས་གསར་བརྗེའི་སྐབས་འཐོར་ཞིག་སོང་། རྗེས་སུ་སྤྱི་ལོ་ ༡༩༩༠ ལོར་སིལ་མེ་ལོང་ཡོངས་རྫོགས་ཀུན་གྱི་བླ་མཆོད་ནོར་བུ་དང་། བསོད་ནམས་རིན་ཆེན། བསོད་ནམས་ཉི་མ། ཨ་གྲུབ། ཨ་རྗེ། མེ་ལོང་། རྡོ་རྗེ། བསྟན་འཛིན། སྐུ་འབུམ་སོགས་ཀྱིས་བསྐྱར་བཞེངས་མཛད །།