92287

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སུ་ (1)
Part of speech ཕྲད་ཚིག
Definition ལས་སུ་བྱ་བ་ལ་འཇུག་པ། ལ་དོན་གྱི་སུ་ཡིག་སྦྱར་བའི་གཞི་དེ་ལ། བྱ་བ་གཞན་ཞིག་བྱས་པའམ་བྱེད་བཞིན་པ་དང་། བྱེད་འགྱུར་གང་རུང་སྟོན་པ་ལ་འཇུག་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ས་ཡིག་མཐར་སུ་འཐོབ་པ་ཡིན།
Keyword True
Example ནུབ་ཕྱོགས་སུ་བསྐྱོད། སྡོད་གནས་སུ་གད་རྒྱག་ལྟ་བུ།
སུ་ (2)
Part of speech ཕྲད་ཚིག
Definition དགོས་ཆེད་ལ་འཇུག་པ། སུ་ཡིག་སྦྱར་བའི་ཚེ་ན། བྱེད་པ་པོ་ཅི་རིགས་ཤིག་གིས་རང་གི་དགོས་པའམ་བྱ་བའི་ཡུལ་གྱི་དགོས་པ་ཞིག་བསྒྲུབ་པའི་ཆེད་དུ་བྱ་བ་ཞིག་བྱེད་པར་སྟོན་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ས་ཡིག་མཐར་སུ་འཐོབ་པ་ཡིན།
Keyword True
Example ལྟོ་གོས་སུ་ཞིང་ལས་གཉེར། ནད་བཅོས་ཐབས་སུ་སྨན་ཁབ་བརྒྱབ་ལྟ་བུ།
སུ་ (3)
Part of speech ཕྲད་ཚིག
Definition རྟེན་གནས་ལ་འཇུག་པ། སུ་ཡིག་སྦྱར་ཚེ་དངོས་པོ་གང་ཞིག་གང་དུ་ཡོད་པར་སྟོན་པར་བྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ས་ཡིག་མཐར་སུ་འཐོབ་པ་ཡིན།
Keyword True
Example རི་ངོས་སུ་ནོར་ལུག་ཡོད། མདོ་ཁམས་སུ་ཆུ་བོ་མང་ལྟ་བུ།
སུ་ (4)
Part of speech ཕྲད་ཚིག
Definition དེ་ཉིད་ལ་འཇུག་པ། ལ་དོན་གྱི་སུ་ཡིག་སྦྱར་ས་དེའི་ངོ་བོར་གྲུབ་པའམ་དེ་ཉིད་དུ་ངེས་པར་སྟོན་པ་དོན་གྱི་ཆ་ནས་ཡུལ་དང་བྱ་བ་སོ་སོར་ཕྱེད་དུ་མེད་པ་ཞིག་སྟོན་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ས་ཡིག་མཐར་སུ་སྦྱོར་དགོས།
Keyword True
Example རྐྱེན་ངན་གྲོགས་སུ་ཤར། ཟབས་སུ་འདོམ་པ་བཅོ་ལྔ་ཡོད་ལྟ་བུ།
སུ་ (5)
Part of speech ཕྲད་ཚིག
Definition ཚེ་སྐབས་ལ་འཇུག་པ། དུས་དང་སྐབས་སྟོན་པའི་མིང་མཐར་ལ་དོན་གྱི་སུ་སྒྲའི་ཕྲད་སྦྱར་ནས། བྱ་བ་གང་ཞིག་གམ་འགྱུར་ལྡོག་གང་ཞིག་དུས་སྐབས་ག་འདྲ་ཞིག་ལ་བྱེད་པའམ་འབྱུང་བ་སྟོན་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ས་ཡིག་གི་མཐར་སུ་སྦྱོར་དགོས།
Keyword True
Example གནའ་དུས་སུ་མཁས་པ་མང་། དེང་སྐབས་སུ་འཕྲུལ་རིག་དར་ལྟ་བུ།
སུ་ (1)
Part of speech ཚབ་ཚིག
Definition གང་ཟག་གམ་མི་ཁོ་ན་སྟོན་བྱེད་ཀྱི་ཚབ་ཚིག་ཅིག
Keyword True
Example མི་དེ་སུ་རེད། དཔེ་ཆ་འདི་སུ་ཞིག་གིས་བརྩམས་པ་རེད་ལྟ་བུ།