92298
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། སུ་ཁ་ཆོས་དྲུག་གི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བརྒྱ་ཅུ་ཐམ་པ་ཡིན། བརྗོད་བྱ་ནི། མཁའ་འགྲོ་སུ་ཁ་སིདྡྷི་ནས་བརྒྱུད་པའི་གཏུམ་མོ། རྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ། བར་དོ་རྣམས་སྒོམ་པའི་རྣལ་འབྱོར་ཉམས་སུ་ལེན་པའི་རིམ་པ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། བཅོམ་ལྡན་རྡོ་རྗེ་འཆང་དང་བདག་མེད་མ། །བིརཱུ་པ་དང་སུ་ཁ་སིདྡྷིའི་ཞབས། །ཁྱུང་པོ་རྣལ་འབྱོར་མོག་ལྕོག་སྐྱོར་སྒང་པ། །ཆོས་ཀྱི་ཤེས་རབ་བརྩོན་འགྲུས་སེང་གེའི་ཞབས། །ཤངས་སྟོན་རིག་རྡོར་ཞུ་སྟོན་ཚུལ་ཁྲིམས་མགོན། །ཆོས་དཔལ་བཟང་པོ་ཚུལ་ཁྲིམས་རྒྱལ་མཚན་དང་། །མཁྱེན་རབ་ཆོས་རྗེ་གཞོན་ནུ་མཆོག་གྲུབ་པ། །ཞེས་སོགས་བྱུང་། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་རོ། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། མཁྱེན་རབ་རྗེའི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། ། |
| Domain | ཆོས་ལུགས། |