92323

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སུ་ཏུ་ཨོ་རྒྱན་བྱམས་པ་མི་འགྱུར་བཤད་སྒྲུབ་ཆོས་ཀྱི་ཉི་མ་ (1)
Part of speech མིང་ཚིག
Definition ཀཿཐོག་སི་ཏུ་བཞི་པ་ཨོ་རྒྱན་བྱམས་པ་མི་འགྱུར་བཤད་སྒྲུབ་ཆོས་ཀྱི་ཉི་མ་ནི་གསུང་གནས་མ་ཎིའི་སྣར་རབ་རྒྱལ་ས་འབྲུག་ལོར་སྐུ་འཁྲུངས། རྫོགས་ཆེན་རིན་པོ་ཆེ་ཆོས་ཀྱི་རྡོ་རྗེ་དང༌། འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན། ཀུན་མཁྱེན་ངག་གི་དབང་པོ་སོགས་ཀྱི་སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་གཟིགས་ནས་ཀཿཐོག་གི་གདན་སར་སྤྱན་དྲངས། འཇམ་མགོན་ཆོས་ཀྱི་བློ་གྲོས། ཀུན་མཁྱེན་ངག་དབང་དཔལ་བཟང༌། དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ། མཁན་ཆེན་དུལ་བའི་སྡེ། ནུས་ལྡན་མཁྱེན་བརྩེའི་བློ་གྲོས། གཏེར་ཆེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། སྨིན་གླིང་ཁྲི་ཚབ་ངག་དབང་ཆོས་ཀྱི་གྲགས་པ་སོགས་རིས་མེད་ཀྱི་མཁས་གྲུབ་མང་པོ་ལས་སྔ་འགྱུར་རྡོ་རྗེ་ཐེག་པའི་བཀའ་གཏེར་རྣམས་ཀྱི་སྨིན་གྲོལ་གཙོ་བོར་གྱུར་པའི་གསར་རྙིང་རིས་མེད་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་གསན་སྦྱོང་མཛད། མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་སྒོམ་པའི་ཡོན་ཏན་ཡོངས་སུ་རྫོགས་པས་མཁྱེན་རྟོགས་དགོངས་པའི་རྩལ་ཆེན་འབར་ཞིང་ལྐོག་གྱུར་གཟིགས་པའི་སྤྱན་རས་མཆོག་ཏུ་མངའ། མ་ཅིག་དཔལ་ལྡན་ལྷ་མོ་མི་དང་མི་ལབ་པ་ལྟར་འབྲལ་མེད་འཁོར་པས་ལེགས་ཉེས་གསལ་བར་སྟོན། བཤད་སྒྲུབ་ལས་ཀྱི་འཁོར་ལོ་རྣམ་པ་གསུམ་གྱིས་མཛད་འཕྲིན་ཟླ་མེད་དུ་མཛད།

{{#arraymap:སུ་ཏུ་ཨོ་རྒྱན་བྱམས་པ་མི་འགྱུར་བཤད་སྒྲུབ་ཆོས་ཀྱི་ཉི་མ་

|; |@@@ | | }}