92398

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སུ་ལུ་ (1)
Part of speech རྒྱན་ཚིག
Definition ཚ་རུའི་སྤུ་ལྟར་འཁྱིལ་ཏེ་སྐྱེས་པའི་སྐྲ་དབྱིབས་སོགས།
Keyword True
Example སྐྲ་སུ་ལུ་ཅན་གྱི་མི། སྤུ་སུ་ལུ་ཅན་གྱི་གོས་ལྟ་བུ།
སུ་ལུ་ (2)
Part of speech རྒྱན་ཚིག
Definition ཕྱུགས་ཀྱི་གྲོད་པུའི་སིལ་མ་ལྟ་བུའི་སིལ་བུ།
Example གྲོད་པུའི་སུ་ལུ་བཀྲུས་ནས་བཙོས་ལྟ་བུ།
སུ་ལུ་ (1)
Part of speech མིང་ཚིག
Definition རོ་བསྐ། ཞུ་རྗེས་དྲོད། ནུས་པས་མེ་དྲོད་གསོ་བ་དང་དང་ག་འགག་པ་འབྱེད་པ། མ་ཞུ་བ་དང་། ཚ་གྲང་འཐབ་པའི་ཕོ་ནད་སེལ་བའི་ཤིང་སྨན་གྱི་རིགས་ཤིག
Domain གསོ་རིག
སུ་ལུ་ (2)
Part of speech མིང་ཚིག
Definition བོད་དུ་མེ་ཁ་གསོ་བྱེད་ཀྱི་ཤིང་བོངས་ཐུང་ལ་ཡལ་འདབ་འཛིངས་ཏེ་སྐྱེ་བ་ཞིག