92425

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སུག་པ་ལུག་སུག་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་ཅུང་ཟད་སྦོམ་པར་རྟིང་པ་ཕྲ་ལ་རིང་བ། སྡོང་པོ་སྔོ་སྨུག་ཕྲ་བར་ཡལ་ག་གྱེས་ཤིང་ཡལ་སྡོང་གཉིས་ཀར་སྤུ་དཀར་ཐུང་ངུ་ཡོད་པ། ལོ་མ་ལྗང་དཀར་སྤུ་འཇམ་ཅན་ནར་མོ་རལ་གྲིའི་དབྱིབས་ཅན་ཁ་སྤྲོད་དུ་སྐྱེ་ཞིང༌། གོས་སྐྱ་འཇམ་སུལ་རིས་དང༌། སྤུ་ཆུང་འབྱར་བག་ཅན་གྱི་སྦུབས་ནས་མེ་ཏོག་དཀར་པོ་དྲིལ་ཆུང་ཁ་ཟུམ་པ་འདྲ་བ་འཆར་ཞིང་གོས་ཀྱི་སྦུབས་ནས་གང་བུ་བུམ་པའི་དབྱིབས་ཅན་གྱི་ནང་དུ་འབྲས་བུ་དཀར་ཞིབ་མཁལ་དབྱིབས་དོད་པ་མང་པོ་ཡོད་པ་བཅས། བོད་ཀྱི་ས་གནས་ཁག་གི་རི་ལྡེབས་ཀྱི་ས་རོང་དང་གྲམ་ཐང༌། ཞིང་མུ་སོགས་སུ་སྐྱེ་མང་བ། བོད་ཟླ་བདུན་པའི་ནང་རྩ་བ་བཏུས་ཏེ་ས་དྲེག་སོགས་གཙང་མ་བཀྲུས་ནས་བསིལ་སར་བསྐམས་རྗེས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྩུབ་པས་གོས་ཀྱི་དྲེག་པ་དང་ལུས་ཀྱི་དྲི་མ་སོགས་བཙོག་པའི་རིགས་དག་པར་བྱེད་ཅིང༌། རྣ་བ་འོན་པའི་ནད་སེལ་བར་བྱེད་པ་དང༌། དེ་མིན་སུག་ཆུ་གཞང་ཁའི་ནང་བླུད་པས་བཤང་འགགས་འབྱིན་པར་བྱེད་པ་ཅན་བཅས་ཡིན།
Domain གསོ་རིག