92437
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལེགས་སྦྱར་གྱི་སྐད་དུ་སུཀྨེལ་ཞེས་པ་ཟུར་ཆག་པ་སྟེ། བོད་ཀྱི་སྐད་དུ་བསྒྱུར་ན་ཨེ་ལ་ཕྲ་མོ་ཞེས་ལོ་མང་སྐྱེས་པའི་རྩི་སྨན་རིགས་ཀྱི་སྐྱེས་དངོས་ཤིག་ཡིན། རྩ་བ་སེར་སྨུག་རྒྱུས་པ་ལྟ་བུ་རྩ་ཕྲན་མང་ཞིང་ས་འོག་ཏུ་ཁྱབ་པ་དང་། སྡོང་པོ་ལྗང་སེར་ཅུང་ཟད་སྦོམ་ལ་འདྲོང་བར་ཡལ་ག་མེད་པ། སྤྱིའི་སྐྱེ་དབྱིབས་སོགས་མ་རྨོས་ལོ་ཐོག་གི་ལོ་སྡོང་དང་མཚུངས་ཤིང་ལོ་མ་ལྗང་སེར་སྲབ་ཅིང་གྱོང་བ་རལ་གྲིའི་དབྱིབས་ཅན་གྱི་མཐའ་མཉམ་པའི་སྨད་ཆས་སྡོང་པོ་དམ་པོར་བཏུམ་པ་དང་། སྟོན་མཚམས་སུ་སྡོང་པོའི་ཉེ་འགྲམ་ནས་གྲོ་ཤིང་རྩེ་འདྲ་བའི་སྡོང་པོ་ཐུང་ཐུང་མཐོ་གང་ཙམ་པ་རེ་སྐྱེས་པའི་རྩེར་མེ་ཏོག་དཀར་ལ་དམར་མདངས་ཡོད་པ་འདབ་མས་གང་བ་བརྩེགས་ལྡན་མེ་ཏོག་བང་རིམ་དུ་འཆར་བ། འབྲུ་གུ་འབུར་ཚག་ཟུག་གསུམ་ལྤགས་སྲབ་པོས་བཏུམ་པའི་ནང་འབྲུ་སྨུག་པོ་དྲི་ཞིམ་པ་ཕན་ཚུན་འབྱར་ནས་གང་ཡོད། སུག་སྨེལ་རྒྱ་མཚོའི་གླིང་ཕྲན་དང་། ལྷོ་ཕྱོགས་བྷཻ་ཏའི་ཡུལ་དང་། མ་ལ་ཡ་ནས་འབྱུང་བའི་ལྡུམ་བུ་ཞིག་གི་འབྲས་བུ་ཡིན། |
| Domain | གསོ་རིག |