92451

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སུན་འབྱིན་ཡང་དག་ (1)
Part of speech མིང་ཚིག
Definition སྐྱོན་བརྗོད་སྒོ་ནས་ལོག་རྟོག་སེལ། །སུན་འབྱིན་ཡང་དག་གི་མཚན་ཉིད་སྐྱོན་ལ་སྐྱོན་དུ་བརྗོད་པས་སྐྱོན་ཅན་གོ་བའོ། །དབྱེ་བ་ནི། ཡུལ་དང་ངོ་བོ་བརྗོད་ཚུལ་གྱིས། །དབྱེ་བས་སུན་འབྱིན་རྣམ་པ་གསུམ། །ཡུལ་གྱི་སྒོ་ནས་དབྱེ་ན་མཚན་ཉིད་དང་། གཏན་ཚིགས་དང་། བསྒྲུབ་བྱའི་སྐྱོན་གསུམ་མོ། །ངོ་བོའི་སྒོ་ནས་དབྱེ་ན། དོན་དང་། བློ་དང་། སྒྲ་སྐྱོན་གསུམ་མོ། །བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན། རྣལ་མ་དང་ཐལ་བར་བརྗོད་པ་གཉིས་སོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། སུན་འབྱིན་ཡང་དག་གི་མཚན་ཉིད་ནི། གཞན་གྱི་དམ་བཅའ་དང་སྒྲུབ་བྱེད་ཀྱི་སྐྱོན་ལ་སྐྱོན་དུ་བརྗོད་པའི་སྒོ་ནས་ལོག་རྟོག་སེལ་ནུས་ཀྱི་ངག་གོ ། ཡུལ་གྱི་སྒོ་ནས་དབྱེ་ན། མཚན་ཉིད་ཀྱི་དང་། གཏན་ཚིགས་ཀྱི་དང། བསྒྲུབ་བྱའི་སྐྱོན་གསུམ་མོ། །མཚན་ཉིད་ལའང་། རང་རང་གི་མཚན་གཞི་ལ་ལྟོས་ནས་མ་ཁྱབ་པ་དང་། ཁྱབ་ཆེས་པ་དང་། མི་སྲིད་པའོ། །གཏན་ཚིགས་ལ། ཚུལ་གསུམ་མ་ཚང་བའོ། །བསྒྲུབ་བྱའི་སྐྱོན་ལ། རྒོལ་བས་དཔག་འདོད་མེད་པ་དང་། ཕྱིར་རྒོལ་གྱི་མ་གྲུབ་བསལ་ཞུགས་པའོ། །ངོ་བོ་སྒོ་ནས་དབྱེ་ན། དོན་སྐྱོན་ལ་དང་། བློ་སྐྱོན་ལ་དང་། སྒྲ་སྐྱོན་ལ་སྐྱོན་དུ་བརྗོད་པ་གསུམ་མོ། །བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན། རྣལ་མར་བརྗོད་པ་དང་། ཐལ་བར་བརྗོད་པ་གཉིས་སོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་སྡེ་བདུན་རོལ་མཚོ་ལས་སོ། །
Domain ཚད་མ།
སུན་འབྱིན་ཡང་དག་ (2)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། སུན་འབྱིན་ཡང་དག་གི་མཚན་ཉིད། སྐྱོན་ལས་སྐྱོན་དུ་བརྗོད་པས་སྐྱོན་ཅན་གོ་ནུས་པའི་ངག །དབྱེ་ན། རང་རྒྱུད་ཀྱི་སུན་འབྱིན་ཡང་དག་དང༌། ཐལ་འགྱུར་གྱི་སུན་འབྱིན་ཡང་དག་གཉིས། ཞེས་གསུངས།