92467
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེར་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཐུང་ལ་ཁ་སྤུ་ཅན། ལོ་མ་ལྗང་གུ་མཐུག་ལ་རེག་བྱ་ཅུང་རྩུབ་པ་བྱེའུའི་ལྕེ་དབྱིབས་འདྲ་བ་པདྨ་ལྟར་སྐྱེ་ཞིང་སྡོང་པོའི་ལོ་མ་ཕྲ་ལ་ངར་པ་མེད་པ་རེ་རེས་མོས་སུ་སྐྱེ་བ་དང༌། སྡོང་པོའི་སྟོད་ཆར་ཡལ་ཕྲན་ཁ་དབྲག་གྱེས་པ་རེ་རེའི་རྩེར་མེ་ཏོག་སེར་པོ་རྒྱ་གླིང་ཁ་འདབ་མ་ལྔ་ལྡན་ཁ་དོག་ཤིན་ཏུ་སེར་བ་རེ་འཆར་བ། ལོ་སྡོང་ལ་འབྱར་བག་ཅན་གྱི་སྣུམ་ཚི་ཡོད་པ་སྟེ་རིགས་ཆེ་ཆུང་གཉིས་འབྱུང་བས་ཆེ་བ་མེ་ཏོག་སེར་ཤས་ཆེ་ལ་རོ་ཐིན་དུ་ཁ་བ་དང༌། ཆུང་བ་མེ་ཏོག་དཀར་པོ་འཆར་བ་དམན་པ་བཅས། བོད་ཀྱི་ས་ཆ་ཕལ་མོ་ཆེའི་ཁ་བྱང་བསྟན་བྱེ་ཁྲེབ་རི་ཤུར་དང༌། བྲག་འོག་ཏུ་སྐྱེ་བ། བོད་ཟླ་བདུན་པའི་ནང་ལོ་སྡོང་མེ་འབྲས་ལྷན་ཅིག་ཏུ་བཏུས་ཏེ་གཙང་མ་བཀྲུས་ནས་བསིལ་སར་བསྐམས་རྗེས་སྨན་དུ་སྤྱོད་རྒྱུ། རོ་ཤིན་ཏུ་ཁ་བ། ནུས་པ་བསིལ་ལ་རྩུབ་པ། མཆིན་ཚད་དང༌། མཁྲིས་ཚད། རྨ་ཚད་སོགས་སེལ་ཞིང༌། རྣག་ཁྲག་སྐེམ་པ་དང༌། རྒྱུ་ལོང་ནད་ལ་ཕན་པ། རྒྱུ་གཟེར་གྱི་རིགས་སོགས་ལ་བསྔགས་པར་བཤད། |
| Domain | གསོ་རིག |