92510

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སུམ་ལག་སྒྲོག་གི་འགྲོས་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སུམ་ལག་སྒྲོག་གི་འགྲོས་ནི། སྒྲུབ་པ་བཀའ་བརྒྱད་ལས། པདྨ་གསུང་གི་སྒྲུབ་པ་རྟ་སྐད་ཐེངས་གསུམ་གྱི་དགོངས་པར་བསྟན་པའི་སྐབས། སོར་བཞག་ལྷ་མིའི་ཐེག་པ་ནས་རྫོགས་ཆེན་ཨ་ཏི་ཡོ་གའི་བར་ཐེག་པ་རིམ་པ་དགུ་པོ་མཚོན་བྱེད་ཀྱི་དཔེ་རུ་དྲངས་པའི་རྟ་ཡི་འགྲོས་དགུ་ལས། དང་པོ་སོར་བཞག་ལྷ་མིའི་ཐེག་པ་མཚོན་བྱེད་ཀྱི་དཔེ་སྟེ། བཀའ་བརྒྱད་རྣམ་བཤད་ལས། དེ་ལ་དང་པོ་སྒྲོག་གི་འགྲོས་ནི། རྟ་རྣམས་སྒྲོག་གསུམ་ལག་ཏུ་ཚུད་པའི་ཚེ་འགྲོས་མི་མྱུར་བར་འགྲོ་བ་ལྟར། ལྷ་མིའི་ཐེག་པ་རྣམས་ནི་མ་སྐྱེས་མཉམ་པའི་དོན་གྱི་ལྟ་བ་ནི་མ་མཐོང་ལ། ལེགས་སྨོན་གྱི་བསམ་པས་དགེ་བ་བཅུ་ལ་སོགས་པའི་ཁྲིམས་དམ་པ་སྒྲོག་ལྟ་བུས་བསྡམས་ནས། བག་ཡངས་བའི་ལྟ་སྤྱོད་ཟབ་མོར་དབང་མེད་པ་དང་ཆོས་འདྲའོ། །སོར་བཞག་ལྷ་མིའི་ཐེག་པ་སྟེ་དང་པོའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སུམ་ལག་སྒྲོག་གི་འགྲོས་

|; |@@@ | | }}