92512

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སུམ་ལྡན་དུས་ (1)
Part of speech མིང་ཚིག
Definition བསྐལ་བ་དང་པོའི་དུས་སམ་རྫོགས་ལྡན་གྱི་དུས་སུ་དགེ་བཅུ་རྫོགས་པར་སྤྱོད་པའི་དུས་ཡིན་ཞིང། དེ་ནས་རིམ་གྱིས་འཁྲིག་པ་སྤྱད་ཅིང་མ་བྱིན་པ་བླངས་པས་སྣོད་བཅུད་ཀྱི་དཔལ་ཡོན་གྱི་ཆ་བཞིར་བགོས་པའི་གཅིག་བྲི་བས། དགེ་བཅུ་ཆ་བཞི་བགོས་པའི་གསུམ་དང་ལྡན་པས་སུམ་ལྡན་གྱི་དུས་ཞེས་ཟེར་ཞིང། དུས་ཡུན་ལ་ལོ་གྲངས་ས་ཡ་གཅིག འབུམ་གཉིས། ཁྲི་དགུ སྟོང་དྲུག་ཡོད་པར་གསུངས།
Domain ཆོས་ལུགས།