92513

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སུམ་སྟོན་ཡེ་ཤེས་གཟུངས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཉིས་པའི་ནང་རུ་མཚམས་སྙེ་མོའི་མདར་སུམ་པའི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཐུན་མིན་དང་ཐུན་མོང་གི་རིག་གནས་ཀུན་ལ་དཔྱིས་ཕྱིན་པར་སྦྱངས། ཁྱད་པར་དུ་རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་སྐུའི་དྲུང་དུ་ལོ་བཅུ་གཉིས་བར་དུ་བཅར་ནས་དཔལ་ལྡན་རྒྱུད་བཞིའི་གཞུང་དོན་དང་གདམས་པའི་ཟབ་བཅུད་བཀའ་ལུང་ཕྱག་ལེན་ལྷག་མ་མེད་པར་ཞུས། བཀའ་རྩོམ་ཡང་གཡུ་ཐོག་པའི་རྣམ་ཐར་སྐུ་ལྔ་ལྷུན་གྲུབ་མ་དང༌། གསང་བའི་རྣམ་ཐར། བཤད་རྒྱུད་ཀྱི་འགྲེལ་པ་འབུམ་ཆུང་གསལ་སྒྲོན། རྐང་འབམ་གསོ་བའི་སྙན་རྒྱུད་ཟིན་བྲིས་སོགས་བསྟན་བཅོས་སྣ་ཚོགས་མཛད། སྐུ་ཚེ་ཧྲིལ་པོའི་རིང་གཙོ་བོར་དཔལ་ལྡན་རྒྱུད་བཞི་འདི་ཉིད་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ། གཞོན་ནུ་ཡེ་ཤེས་སོགས་སློབ་མ་ཤིན་ཏུ་མང་བ་བསྐྲུན།

{{#arraymap:སུམ་སྟོན་ཡེ་ཤེས་གཟུངས་

|; |@@@ | | }}