92521
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་མང་སྐྱེས་པའི་ཤིང་སྨན་ཆུང་བའི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་བོའི་ཤུན་པགས་ཐལ་མདོག། རིང་ཐུང་ཁྲུ་གང་ཙམ་ཟིན་པ། ཡལ་ག་མང་ལ་ཡལ་ཕྲན་གསར་བ་ཁམ་སེར་ཅན། ལོ་མ་ལྗང་ནག་མཐུག་ལ་རྒྱབ་ཁམ་སེར། མེ་ཏོག་སྔོ་དམར་འདབ་མ་ལྔ་རེའི་དཀྱིལ་ནས་ཟེའུ་འབྲུའི་འཛར་བུ་དྲུག་བདུན་ཙམ་འཕྱང་བ། འབྲས་བུ་ཁམ་སེར་ཆུང་འདོགས་པ། རྒྱུན་དུ་མེ་ཤིང་ལ་སྤྱོད་པ་ཞིག་ཡིན། བོད་ཡུལ་གྱི་རི་མཐོ་སྲིབས་ཀྱི་སྤང་རི་དང་། སྡོང་ཐུང་ཤིང་གསེབ། ཆུ་ཤག་གི་འགྲམ། བྲག་ཞབས་སོགས་སུ་སྐྱེ། དཔྱིད་ཀ་མེ་ཏོག་བཏུས་ཏེ་ཉི་མར་སྐམ་གསེད་བྱ་རྒྱུ་དང་། བོད་ཟླ་དྲུག་པའི་ནང་ལོ་མ་བཏུས་ཏེ་གཙང་མ་བཀྲུས་ནས་སྐམ་རྗེས་སྨན་དུ་སྤྱོད་རྒྱུ། མེ་ཏོག་རོ་མངར། ཞུ་རྗེས་མངར་བ། ནུས་པ་དྲོ་ལ་སྙོམས་པ། ལོ་མ་རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་ལ་རྣོ་བ་ཡིན། མེ་ཏོག་གིས་གྲང་བའི་ནད་དང་ཆུ་སེར་གྱི་ནད་སེལ། ལོ་མའི་ལུམས་ཀྱིས་གག་ལྷོག་གི་ནད་འཇོམས་པར་བྱེད་པ་ཡིན། མིང་གི་རྣམ་གྲངས་ལ་ད་ལིས་ནག་པོ་ཡང་ཟེར། |