92542
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མིང་གཞན་ལ་ཧུ་བི་ལི་ཡང་ཟེར། སྔར་འགྲོ་མགོན་འཕགས་པ་དང་དུས་ཐོག་གཅིག་པའི་སོག་པོའི་རྒྱལ་པོའི་མིང་། རབ་བྱུང་བཞི་པའི་ཤིང་ཕག་ལོར་འཁྲུངས། རབ་བྱུང་བཞི་པའི་ལྕགས་སྤྲེལ་ལོ་ནས་རབ་བྱུང་ལྔ་པའི་ཤིང་རྟ་ལོའི་བར་ལོ་སུམ་ཅུ་སོ་ལྔ་རིང་སྲིད་བཟུང༌། རབ་བྱུང་བཞི་པའི་ཤིང་བྱི་ལོར་རྒྱལ་ས་པེ་ཅིང་དུ་སྤོས། རབ་བྱུང་ལྔ་པའི་ལྕགས་ལུག་ལོར་རྒྱལ་ཁབ་ཀྱི་མིང་ཡོན་ཟེར་བར་བསྒྱུར། དེའི་ཕྱི་ལོ་འགྲོ་མགོན་འཕགས་པ་ཏི་ཤྲི་གོང་མའི་དབུ་བླར་བཀུར། བོད་དུ་་དབུས་གཙང་མངའ་རིས་སྐོར་གསུམ་གྱི་ཞོན་ཝུའི་ཧྲི་སི་ཏུའུ་ཡོན་ཧྲའོ་ཧྥུ་ཟེར་བའི་སྲིད་འཛིན་དོ་དམ་ས་ཁུལ་བཙུགས། རབ་བྱུང་ལྔ་པའི་མེ་བྱི་ལོར་བོད་ཡོངས་ལ་ཤིང་སྒོ་ཅན་གྱི་དུད་ཚང་ཞིབ་བཤེར་བྱས་ནས་ཁྲི་སྐོར་བཅུ་གསུམ་ཐོབ་པ་རྣམས་ཁག་བགོས་ཀྱིས་ཁྲི་དཔོན་བསྐོ་བའི་ལམ་ལུགས་ཐོག་མར་བཙུགས། རབ་བྱུང་ལྔ་པའི་ཤིང་རྟ་ལོར་འདས། |