92551

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེ་བ་ (1)
Part of speech འཇལ་ཚིག
Definition གསེར་གྱི་ལྗིད་ཚད་འཇལ་བའི་ཚད་གཞི་ཞིག་གི་མིང་སྟེ། གསེར་ཞོ་གང་ཆ་བརྒྱ་ལ་བགོས་པའི་ཆ་གཅིག་གི་ལྗིད་ཚད་ཡིན།
Keyword True
སེ་བ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་ཕྲན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་གཞོན་དུས་དམར་སྨུག་དང༌། རྒས་ནས་སྐྱ་བོར་འགྱུར་བ། ཡལ་སྡོང་རྣམས་ལ་ཚེར་མ་ལེབ་མོ་ཟུར་གསུམ་མདའ་སྒྲོ་འདྲ་བ་མང་པོ་ཡོད་པ། ལོ་རྐང་ཐོག་ལོ་ཆུང་སོག་ལེའི་ཁ་ཅན་དགུ་ནས་བཅུ་གསུམ་བར་སྒྲོ་དབྱིབས་སུ་སྐྱེ་བ། བོད་ཟླ་བཞི་པའི་ནང་མེ་ཏོག་དཀར་པོ་འདབ་མ་བཞི་པ་ཟེའུ་འབྲུ་སེར་པོ་ཅན་འཆར་ཞིང༌། འབྲས་བུ་དམར་པོ་སྒོང་དབྱིབས་སམ་བྱུ་རུའི་མདོག་དབྱིབས་འདྲ་འདོགས་པ་བཅས། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་ལྡེབས་དང་ནགས་གསེབ། ཞིང་མུ། ལམ་འགྲམ་སོགས་གང་སར་སྐྱེ་བ། བོད་ཟླ་བཞི་པའི་ནང་མེ་ཏོག་གི་འདབ་མ་དཀར་པོ་བཏུས་ཏེ་གད་གཙང་ལེགས་པར་བྱས་ནས་བསིལ་གྲིབ་གནས་སུ་བསྐམས་རྗེས་སྨན་དུ་སྤྱོད་རྒྱུ། དེའི་མེ་ཏོག་རོ་མང་རལ་སྐྱུར་ཞིང་བསྐ་བ་དང༌། ཞུ་རྗེས་མངར་བ། ནུས་པ་ལྕི་ལ་བསིལ་ཞིང་སྣུམ་པས་མཁྲིས་ཚད་ཀྱི་མགོ་བོ་གཟེར་བ་དང༌། རླུང་འཕེལ་བ། བད་མཁྲིས་ལྡན་པ། རྩ་སྦུབས་ཀྱི་ནད་སོགས་ལ་ཕན་པ་དང༌། འབྲས་བུས་མིག་ནད་སེལ་ཟིང༌། ལུས་ཀྱི་སྟོབས་སྐྱེད་པར་བྱེད་པ་ཡིན།
སེ་བ་ (2)
Part of speech མིང་ཚིག
Definition འབྱུང་རྩིས་ལུགས་ཀྱི་ལོ་རེ་བཞིན་ཕྱོགས་བཞི་མཚམས་བརྒྱད་དུ་བསྐོར་ཞིང་གནས་པའི་ས་བདག་ཅིག
Domain རྩིས་རིག