92558

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེ་བའི་མེ་ཏོག་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེས་པའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྨུག་ཅིང་ཧྲིལ་ལ་འདྲོང་བ་མཉམ་དུ་སྐྱེས་པར་ཚེར་མ་ལེབ་ཅིང་རྩེ་རྣོ་བ་ཟུར་གསུམ་གྱི་དབྱིབས་འདྲ་ཡོད་པ་དང་། ལོ་མ་ལྗང་སེར་ཆུང་ལ་རྩུབ་པའི་རྒྱབ་སྐྱ་བ་སྒོང་དབྱིབས་ཀྱི་མཐར་ཉག་ཆུང་ཐར་ཐོར་ཡོད་པའི་ངར་བ་ཅུང་རིང་བ། སྡོང་པོ་དང་ཡལ་གའི་ལོགས་སུ་ཆུན་པོ་སྐྱེ་ཞིང་། མེ་ཏོག་དཀར་པོ་འདབ་མ་ལྔ་དང་ལྡན་པ་དེ་ལོ་མ་ཆུན་པོ་རྣམས་ཀྱི་དཀྱིལ་ནས་རྐྱང་པར་འཆར་ལ་ཟེའུ་འབྲུ་ཕོ་མང་བ་ཡོད། འབྲས་བུ་དམར་པོ་ཆུང་ལ་རིང་བ་ཤ་རྒྱུ་ཅན་གྱི་འབྲུ་གུ་དཀར་པོ་མཁྲེགས་ཤིང་མང་བ་ཡོད་དོ། །
Domain གསོ་རིག