92566
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྐྱེས་ལོ་སེ་ཞིག་ལོ་བཅུ་གཉིས་ལ་གཏོགས་པའི་བུ་བུ་མོ་ཕན་ཚུན་གཉེན་སྒྲིག་བྱེད་པ་ལ་ཟེར་ཞིང་། སྤྱིར་དེ་རིགས་ལ་མཐུན་སྦྱོར་གཉེན་ལམ་མེད་པས་བཟའ་སྒྲིག་བྱེད་མི་རུང་བར་སྤང་དགོས། གལ་ཏེ་མ་སྤངས་པར་ཆང་ས་བརྒྱག་པ་ཡིན་ན། ཁ་སྨྲས་འོང་ཞིང་ཡུལ་མཁར་འཕོ་བར་བཤད་པས། བཅོས་སུ་ཕུར་ཆོག་མདོ་ལྔ་དང་ས་སྙིང་གདོན་དགོས། གལ་སྲིད་མག་པ་ལྕགས་གླང་ལོ་པ་ཡིན་པར་ཆ་བཞག་ན། ཆུང་མར་བསུ་རྒྱུའི་མ་མེ་སྟག་ལོ་མ་ཡིན་པ་ལྟ་བུ་ཡིན། |
| Domain | རྩིས་རིག |