92567
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དབང་སྲོག་གཉིས་ཀྱི་ཁམས་ཀྱི་འབྲེལ་བ་ལ་བརྟེན་ནས་ལོ་རྒན་དྲུག་ཅུ་པོ་ཁག་ལྔར་བསྡུས་པའི་ནང་གསེས་ཤིག་སྟེ། དབང་ཁམས་སྲོག་ཁམས་ཀྱི་བུ་ཡིན་པའི་ཤིང་གི་བྱི་ཕག་ལོ་དང་། མེ་ཡི་སྟག་ཡོས་ལོ། ས་ཡི་རྟ་སྦྲུལ་ལོ། ལྕགས་ཀྱི་གཤེད་བཞི་ལོ་བཅས་བཅུ་གཉིས་ལ་ཟེར་བ་ཡིན། དེ་དག་ལས་གང་ཞིག་གམ་ལོར་ཤར་བའི་སྟེང་དུ་སྐྱེས་པའི་བརྩི་བྱ་དག་སྤྱིར་གནམ་གྱི་ཉི་ཟླ་དང་འདྲ་བར་ཁ་རྗེ་ཆེ་ཞིང་ཕོ་ལྷ་དང་དགྲ་ལྷས་མགོན་སྐྱོབས་བྱེད་པས་བཙན་ཕྱུག་འཛོམས་པ་འབྱུང་ཡང་། ཞིང་གཡང་ནོར་གཡང་ཉམས་པས་གཡང་འགུགས་བྱ་དགོས་ལ། བཟའ་ཞང་བྱེ་བྲལ་དང་ཚེ་ཐུང་ཞིང་གྲིར་ཤི་བའི་ངོ་ཡང་ཡོད་པས། ཚེ་སྒྲུབ་ཚེ་གཟུངས་དང་བཀྲ་བརྩེགས་སྲི་གནོན་བཅས་ཀྱི་རིམ་གྲོ་ཡང་བསྒྲུབ་དགོས། བྱེ་བྲག་ཏུ་སྲོག་ཁམས་ཀྱི་བུར་འགྲོ་བའི་དབང་ཁམས་དེ་འབྱུང་བ་ལྔ་ལས་གང་ཡིན་ལ་བརྟེན་ནས་སེ་ཞིག་ལོ་བཅུ་གཉིས་པོ་ཡང་ཕ་ཁུའི་སེ་ཞིག་དང་། བཟའ་ཚང་གི་སེ་ཞིག མ་ཕྱིའི་སེ་ཞིག ཞང་པའི་སེ་ཞིག ནོར་རྫས་ཀྱི་སེ་ཞིག་བཅས་ཁག་ལྔར་དབྱེ་བར་རང་འབྲས་རེ་ཡོད། |
| Domain | རྩིས་རིག |