92571

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེ་འབྲུ་ (1)
Part of speech མིང་ཚིག
Definition དབྱིབས་གཟུགས་ཀུ་ཤུ་དང་འདྲ་ཞིང་། ནང་དུ་འབྲུ་གུ་དམར་པོ་ཆུང་ཆུང་མང་པོ་ཡོད་ཅིང་མངར་སྐྱུར་གྱི་རོ་དང་ལྡན་ཞིང་། བཙིར་ན་གཤེར་ཁུ་དམར་བོ་ཟེགས་པ་ཅན་གྱི་སིལ་ཐོག་ཅིག།
Example སེ་འབྲུ་ཟོས་ནས་ཁ་དམར་པོར་གྱུར། སེ་འབྲུ་སྐྱུར་མོ། སེ་འབྲུ་ཞིམ་པོ་ལྟ་བུ།
སེ་འབྲུ་ (2)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྨུག་ལ་མཁྲེགས་པ་སྐྲག་པ་ཤིང་དང་འདྲ་ལ་དེ་ཙམ་དྲང་པོ་མེད་ཅིང༌། ཡལ་ག་ནས་ཡལ་ཕྲན་གྱེས་པར་ཚེར་མ་ཁབ་ལྟར་རྣོ་བ། ལོ་མ་ལྗང་སེར་འཇམ་ལ་འོད་མདངས་ཡོད་པ་མདུང་རྩེའི་དབྱིབས་ཀྱི་མཐའ་མཉམ་ལ་རྒྱབ་སྐྱ་བར་སྤུ་དཀར་འཇམ་པོ་ཐུང་ཐུང་ཡོད་པ་ཕན་ཚུན་ཁ་སྤྲོད་བྱས་ནས་སྐྱེ་བ་དང༌། མེ་ཏོག་དམར་གསལ་འོད་མདངས་འཚེར་བ་འདབ་མ་མང་བ་བཞི་ལྔ་ཙམ་མཉམ་དུ་མགོ་སྦྲེལ་ནས་འཆར་ཞིང༌། འབྲས་བུ་ཀུ་བའི་དབྱིབས་ཅན་མདོག་སེར་སྨུག་ཀོ་རྒྱུ་འདྲ་བའི་ནང་དུ་འབྲུ་གུ་སེར་སྐྱ་མཁྲེགས་པ་དེ་ཁུ་བ་ཅན་གྱི་ཤ་རྒྱུ་དམར་པོས་བཏུམ་པ་བཅས། བོད་ཀྱི་སྨར་ཁམས་དང༌། རྫ་ཡུལ། མཛོ་སྒང༌། ཚ་བ་རོང་སོགས་ཀྱི་ཞིང་འགྲམ་དང་གྲོང་པའི་ཉེ་འཁོར་དུ་སྐྱེ་བ་དང༌། བོད་ཟླ་བདུན་པ་ཙམ་ལ་འབྲས་བུའི་ནང་ནས་འབྲུ་དང་ཤ་གཉིས་བླངས་ནས་ཧམ་རུལ་མ་ཤོར་བར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་སྐྱུར་བ། ཞུ་རྗེས་སྐྱུར་བ། ནུས་པ་དྲོ་ལ་སྣུམ་པས་ཕོ་བའི་མེ་དྲོད་ཉམས་པ་དང༌། ཟས་ཀྱི་དང་ག་འགགས་པ། ཟས་མི་འཇུ་བ། བད་ཀན་གྲང་བའི་ནད་རིགས་སོགས་ལ་ཕན་པ་ཡིན།