92594

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེ་རྒོད་མོ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྐྱེ་ཚུལ་སོགས་སེ་རྒོད་ཕོ་་དང་མཚུངས་ཀྱང་འདི་ཉིད་མང་ཆེ་བ་སྐམ་སར་སྐྱེ་བ་དང༌། སྡོང་པོ་ཅུང་ཟད་འདྲོང་ཞིང་ཤུན་པ་གསར་དུས་དམར་སྨུག་དང་རྒས་ནས་སྐྱ་བོར་འགྱུར་བ། འབྲུམ་པ་ལྟ་བུའི་ཚེར་མས་ཁྱབ་ཅིང་རེག་མི་བཟོད་པ། ལོ་མ་སེ་རྒོད་ཕོ་ལས་ཅུང་ཟད་སྒོར་བ་མཐར་སོག་ལེ་ཁ་ཅན་བདུན་ནམ་དགུ་རེ་སྒྲོ་དབྱིབས་སུ་སྐྱེ་བ་མེ་ཏོག་དཀར་པོ་འདབ་མ་ལྔ་པ་ཟེའུ་འབྲུ་སེར་པོ་ཅན་འཆར་བ། འབྲས་བུ་དམར་པོ་བྱུ་རུའི་མདོག་ཅན་འོད་དང་ལྡན་པ་འདོགས་པ་བཅས། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་ལྡེབས་དང་ནགས་གསེབ་ཏུ་སྐྱེ་མང་བ། བོད་ཟླ་གསུམ་པ་བཞི་པའི་ནང་སྡོང་པོ་དང་ཡལ་ཕྲན་གྱི་ཕྱི་པགས་དང་ནང་གི་ཤ་གདན་དབར་གནས་པའི་པགས་པ་དེར་བར་ཤུན་ཞེས་བྱ་བ་དེ་ཉིད་བླངས་ཏེ་བསིལ་སར་སྐམ་རྒྱུ་དང༌། བོད་ཟླ་བརྒྱད་པ་དགུ་པའི་ནང་འབྲས་བུ་བཏུས་ཏེ་ཡུ་བའམ་ངར་པ་དོར་ལ་གོང་བཞིན་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། འབྲས་བུ་རོ་མངར་ལ་བསྐ་བ། ཞུ་རྗེས་མངར། ནུས་པ་སྙོམས། བར་ཤུན་ཁ་རོ་ཁ་ལ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་དུག་ཚད་རྒྱས་པ། ཆུ་སེར་གྱི་ནད་དང༌། ཡན་ལག་སྐྲངས་པ་དང་ན་བ་སོགས་ལ་ཕན་པ་ཡིན།