92597

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེ་ཤིང་ (1)
Part of speech མིང་ཚིག
Definition བསེ་ཤིང་དང་དོན་གཅིག་སྟེ། ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྦོམ་ལ་རིང་བ་དང༌། ཡལ་ག་མང་ལ་རྒྱས་པ། ཤུན་པ་སྐྱ་བོ་གཞོན་དུས་འཇམ་ཞིང་རྒས་དུས་གས་སུལ་དང་བཅས་རྩུབ་པོར་འགྱུར་བ། ལོ་ལྷེབ་སྒོར་ནར་མདའ་སྒྲོ་འདྲ་བ་ཁ་སྤྲོད་བྱས་ནས་སྐྱེ་བར་ངར་པ་རིང་བ། མེ་ཏོག་ལྗང་སེར་འདབ་མ་ལྔ་ལྡན་ཞིབ་མོ་སྤུངས་པའི་སྙེ་མ་འཆར་ཞིང༌། འབྲས་བུ་སྲ་མཁྲེགས་ཞིབ་ཆུང་སྒོར་ལ་ལེབ་ཁ་དོག་སེར་པོ་ཅན་འདོགས་པ་ཟླ་བ་བཅུ་གཅིག་པའི་ནང་སྨིན་པ། དབྱར་དུས་པགས་པ་བཅད་ནས་རྨ་ཁ་ནས་དྲི་ངན་ཆེ་བའི་ཚི་བ་འཛག་པ་དེ་དུག་ཆེ་བས་ལུས་ལ་རེག་པའམ་འགོས་ན་ཆུ་བུར་རྡོལ་བ་དང༌། རྨ་བྱུང་བ། སྐྲངས་པ་སོགས་གང་སར་མཆེད་པས་བསེ་མོག་གམ་རེག་དུག་གི་ནད་འབྱུང་བ་ཡིན་ཏེ། རྒྱ་ནག་གི་ས་ཁུལ་མང་ཆེ་བར་འདེབས་འཛུགས་བྱེད་པ་དང༌། བོད་ཀྱི་ས་བབ་ཤིན་ཏུ་དམའ་བའི་རོང་ཆེན་གྱི་ཉི་གཏད་ཆེ་ཞིང་རླུང་ཆུང་བའི་ཉིན་རིར་སྐྱེ་བ། ཚི་བའམ་ཐང་ཆུ་བསགས་པ། གྲོ་དང་འབྲས་སོགས་ཀྱི་རྩམ་པས་སྦྲུས་ནས་ཕབ་རྡོག་བྱས་ལ་སྐམ་གསེད་བྱ་བ་དང༌། མ་སྦྲུས་པ་རང་བཞིན་གྱིས་སྐམ་པའང་འབྱུང་བ་ཡིན། རོ་བསྐ་ལ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་བས་དྲི་མ་འགགས་པ་འབྱིན་ཞིང་དྲག་པོར་སྦྱོང་བ། དུག་ཤས་ཆེ་བས་ཚད་ལས་ཐལ་ན་ཉེས་པ་ཤིན་ཏུ་ཆེ་བས་གཟབ་ནན་བྱེད་དགོས།