92622

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེང་གེ་གནམ་རྫོང་ (1)
Part of speech མིང་ཚིག
Definition གནས་འདིར་སྔ་མོ་ཞིག་ནས་ཞང་སྟོན་གཡུང་དྲུང་འོད་ཀྱིས་སྒོམ་སྒྲུབ་མཛད་པ་ནས་བཟུང་ཕྱིས་བོན་གྱི་གྲུབ་ཐོབ་བསྟན་པ་ཡེ་ཤེས་ཀྱི་བར་བོན་གྱི་སྒོམ་སྒྲུབ་མཛད་པ་བར་མ་ཆད་པ་བཞུགས་ཤིང་། ཁྱད་པར་སངས་རྒྱས་ཡེལ་པ་ཐོག་མར་རྟ་རྣར་ཕེབས་སྐབས་གྲུབ་ཐོབ་བསྟན་པ་ཡེ་ཤེས་བཞུགས་ནས་ཡོད་པ་ལ་སངས་རྒྱས་ཡེལ་པས་ལྷམ་དང་སྦ་མཁར་གྱི་འབུལ་བ་ཕུལ་བས་ཡུལ་ཕྱོགས་གཞན་དུ་འགྲོ་དགོས་པའི་བརྡ་རུ་གོ་ནས་ས་ཕྱོགས་གཞན་དུ་ཕེབས་རྗེས་ཡེལ་པ་བཀའ་རྒྱུད་ཀྱི་གདན་ས་དང་སྒྲུབ་ཕུག་ཏུ་གྱུར། ད་དུང་སློབ་དཔོན་པདྨ་འབྱུང་གནས་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་ཀྱིས་དངོས་སུ་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་པའི་སྒྲུབ་ཕུག་བྱིན་ཅན་ཞིག་གོ།