92655
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ འདི་ལྟར་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་བྱང་ཆུབ་སེམས་ཀྱི་སེང་གེའི་ང་རོ་ཆེན་པོ། ༢ མ་བརྒལ་བ་བརྒལ་བར་བྱའོ། །མ་གྲོལ་བ་གྲོལ་བར་བྱའོ། །དབུགས་མ་ཕྱིན་པ་དབུགས་དབྱུང་བར་བྱའོ། །ཡོངས་སུ་མྱ་ངན་ལས་འདས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་སེམས་ཅན་ལ་སྙིང་བརྩེ་བའི་སེང་གེའི་ང་རོ་ཆེན་པོ། ༣ སངས་རྒྱས་ཀྱི་གདུང་དང་། ཆོས་ཀྱི་གདུང་དང་། དགེ་འདུན་གྱི་གདུང་མི་གཅད་དོ། །ཞེས་དེ་བཞིན་གཤེགས་པས་མཛད་པ་བཟོ་བའི་སེང་གེའི་ང་རོ་ཆེན་པོ། ༤ ཞིང་ཐམས་ཅད་ཡོངས་སུ་དག་པར་བྱའོ་ཞེས་དམ་བཅས་པ་ལ་བརྟན་ཅིང་ཁ་འོག་ཏུ་ལུས་འཁྲུས་པའི་སེང་གེའི་ང་རོ་ཆེན་པོ། ༥ ངན་སོང་དང་། མི་ཁོམ་པ་ཐམས་ཅད་བསྒོམ་པར་བྱའོ་ཞེས་རང་གི་ལུས་ཡོངས་སུ་དག་པའི་སེང་གེའི་ང་རོ་ཆེན་པོ། ༦ སངས་རྒྱས་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་རྒྱན་དང་། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱའོ་ཞེས་བསོད་ནམས་ཀྱི་ཚོགས་ཡོངས་སུ་བཙལ་བས་མི་ངོམས་པའི་སེང་གེའི་ང་རོ་ཆེན་པོ། ༧ སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱའོ་ཞེས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བཙལ་བས་མི་ངོམས་པའི་སེང་གེའི་ང་རོ་ཆེན་པོ། ༨ བདུད་དང་བདུད་ཀྱི་ལས་ཐམས་ཅད་རབ་ཏུ་གཞོམ་པར་བྱའོ་ཞེས་ཡང་དག་པའི་ནན་ཏན་དང་། ཉོན་མོངས་པ་མེད་པའི་སེང་གེའི་ང་རོ་ཆེན་པོ། ༩ བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པས་ནམ་མཁའི་དབྱིངས་དྲི་མ་མེད་པ་ལྟ་བུར་ཆོས་ཐམས་ཅད་ཤེས་པར་བྱའོ་ཞེས་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པར་བྱ་བའི་སེང་གེའི་ང་རོ་ཆེན་པོ། ༡༠ བྱང་ཆུབ་སེམས་དཔའ་སྲིད་པའི་ཐ་མ་པར་གྱུར་པའི་ཚེ། སངས་རྒྱས་ཀྱི་ཞིང་གཙང་ཞིང་དྲི་མ་མེད་ལ་འོད་གསལ་བའི་རྒྱན་དང་ལྡན་པ་ཐམས་ཅད་བསྐྱེད་དོ། །བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པའི་རིགས་སུ་བྱུང་སྟེ། ཡེ་ཤེས་ཆེན་པོ་ཆགས་པ་མེད་པ་རྣམ་པར་ལྟ་བའི་བློའི་མིག་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ནང་ནས་བདག་བླ་ན་མེད་པར་མཐོང་སྟེ། ས་ཆེན་པོས་ཡོངས་སུ་མ་བཟུང་བར་གོམ་བདུན་དུ་འགྲོ་ཞིང་སེང་གེའི་ང་རོ་ཆེན་པོ་སྒྲོག་སྟེ། བདག་ནི་འཇིག་རྟེན་ན་མཆོག་ཏུ་གྱུར་པ། བདག་ནི་འཇིག་རྟེན་ན་གཙོ་བོར་གྱུར་པ་ཡིན་གྱི། སྐྱེ་ཞིང་འཆི་བ་མཐར་དབྱུང་བར་བྱའོ་ཞེས་ཇི་སྐད་དུ་སྨྲས་པ་དེ་ལྟར་བྱེད་པའི་སེང་གེའི་ང་རོ་ཆེན་པོའོ། ། |
| Domain | ཆོས་ལུགས། |