9267

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞུང་ཤེར་ཕྱིན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་གི་བརྗོད་བྱར་གྱུར་པའི་སྟོང་ཉིད་གཙོ་བོར་སྟོན་པའི་ཡུམ་གྱི་མདོ།
Domain ཆོས་ལུགས།
གཞུང་ཤེར་ཕྱིན་ (2)
Part of speech མིང་ཚིག
Definition སྟོང་ཕྲག་བརྒྱ་པ་ལ་སོགས་པའི་གཞུང་གི་ཚོགས་རྣམས་ཡིན་ལ། (ཤེར་ཕྱིན་)འདོགས་པའི་རྒྱུ་མཚན་ནི། གཞུང་ནི་(ཤེར་ཕྱིན་དངོས་)དེ་སྟོན་པར་བྱེད་པའི་ཕྱིར་རོ། །བཏགས་པའི་དགོས་པ་ནི། ཤེར་ཕྱིན་དོན་དུ་གཉེར་བའི་གཞུང་ལ་ཐོས་སོགས་ཀྱིས་འཇུག་པ་ཤེས་པའི་དོན་ནོ། །དངོས་ལ་གནོད་བྱེད་(ཤེར་ཕྱིན་གྱི་)མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་ཚིག་དོན་རབ་གསལ་ལས་གསུངས་སོ། །
གཞུང་ཤེར་ཕྱིན་ (3)
Part of speech མིང་ཚིག
Definition ཤེར་ཕྱིན་གྱི་མདོའི་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་རྣམ་རིག་ལ་བྱ་བ་ཡིན་ལ། འདི་ནི་རྟེན་གྱི་གང་ཟག་སོ་སོ་སྐྱེ་བོ་ནས་སངས་རྒྱས་ཀྱི་བར་ལ་ཡོད་དོ། །ཐེག་ཆེན་འཕགས་པ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ་ནི་མཚན་ཉིད་པ་ཁོ་ནའོ། །དེ་ལྟ་ནའང་གཉིས་མེད་ཀྱི་ཡེ་ཤེས་དངོས་མ་ཡིན་པའི་ཕྱིར་ཕལ་པའོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་གསུངས་སོ། །