92684
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་སྤྱན་རས་གཟིགས་ཀྱི་གནས་བྲག་དཀར་སེང་ཆེན་གནམ་ལ་མཆོངས་བ་ལྟ་བུའི་གཡོན་ཟུར་དུ་ཆགས་ཡོད། རབ་བྱུང་བཅོ་ལྔའི་ས་ལུག་ལོར་གནས་སྒོ་ཕྱེས་ནས་གཙུག་ལག་ཁང་གསར་དུ་བཞེངས། མཆོད་སྤྲུལ་རིན་པོ་ཆེས་གཙུག་ལག་ཁང་དང་། གསེར་ཁང་། མགོན་ཁང་། དུང་ཁང་བཅས་ནང་ཤིང་ཚོན་དང་ལོགས་རིས་ཀྱི་བཀོད་པ་ཁྱད་པར་ཅན། བྱམས་མགོན་གསེར་སྐུ་དང་། བཀའ་འགྱུར་སོགས་གླེགས་བམ་བརྒྱ་ཕྲག་བཅུ་ལྷག བླ་མ་དྲི་མེད་ཀྱི་གདུང་རྟེན་དང་། གུ་རུ་མཚན་བརྒྱད་དང་དཔག་བསམ་ཁྲི་ཤིང་སོགས་ཞལ་ཐང་བརྒྱ་ལྷག་ཡོད། སྐབས་དེའི་དུས་མཆོད་ནི་དབྱར་དུས་རྨོག་གྲུབ་བཀའ་བརྒྱད་སྒྲུབ་ཆེན། དགུན་དུས་སྨིན་གླིང་རྡོར་སེམས་བདུན་སྒྲུབ། ལོ་མཇུག་གཤིན་རྗེ་དམར་ནག་འཇིགས་གསུམ་གཏོར་ཟློག རྒྱུན་པར་ཚེས་བཅུ། ཉེར་ལྔ། ཚེས་བརྒྱད། བཅོ་ལྔ། གནམ་སྟོང་བཅས་ཀྱི་དུས་མཆོད་དང་། ཆོ་འཕྲུལ་ཟླ་བའི་དུས་མཆོད་དང་། བླ་མ་གོང་མ་རྣམས་ཀྱི་འདས་མཆོད་བཅས་གཏན་འཇགས་བཞུགས། དུས་འགྱུར་སྐབས་དགོན་ཤུལ་གྱང་རལ་དང་ཤིང་པར་ཕྲན་བུ་ལས་རྟེན་གསུམ་གཞན་རྣམས་ཤུལ་མེད་དུ་བཏང་། ཆོས་སྒོ་ཕྱེས་པ་ནས་བཟུང་སྤྲུལ་སྐུ་ཤེས་རབ་འོད་ཟེར་དང་། གཏེར་ཆེན་བདེ་ཆེན་རྣམ་རྒྱལ་གྱི་སྲས་རིག་འཛིན་རྒྱལ་པོ་དང་། ཀཿཐོག་བླ་མ་པདྨ་དམ་ཆོས། བླ་མ་རིན་ཆེན་ཕུན་ཚོགས་རྣམས་དང་ས་དེའི་ཡུལ་མི་རྣམས་ཀྱིས་མཐུན་སྤྱོར་གནང་བར་བརྟེན་འདུ་ཁང་སོགས་བསྐྱར་བཞེངས་བྱས། |