92687
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། མངོན་པ་མཛོད་ནས་བཤད་པའི་གསེར་རི་བདུན་གྱི་ཡ་གྱལ་ཞིག་སྟེ། རི་འདིའི་ཕྱོགས་གང་ན་གསེར་གྱི་སེང་ལྡེང་ཡོད་པ་བཞིན་རི་གཞན་ལ་མེད་པས་སེང་ལྡེང་ཅན་ཞེས་ཟེར་ལ། དེའི་ངོ་བོ་ནི་གསེར་ཡིན་ལ། གསེར་གྱི་ས་གཞི་ལ་གནས་པའི་ཆའི་ནང་དུ་དཔག་ཚད་བརྒྱད་ཁྲི་ནུབ་ཅིང་། གྱེན་དུ་ཆུའི་སྟེང་དུ་དཔག་ཚད་ཁྲི་འཕགས་སོ། དེའི་ངོས་རེར་དཔག་ཚད་ལྔ་འབུམ་དང་མཐའ་སྐོར་དུ་ས་ཡ་གཉིས་ཡོད་དོ། ། |
| Domain | ཆོས་ལུགས། |