92690
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྗེ་བཙུན་སྒྲོལ་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། གཡས་པས་མཆོག་སྦྱིན། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤལ་ཐུགས་ཀར་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་མཛེས་པར་སྤྲས་པ། རལ་བའི་ཅོད་པན་ཅན། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པའི་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཞིག ལྷ་མོ་འདི་ཉིད་ཀྱི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད། རྒྱ་གར་གྱི་མཁན་པོ་དཔལ་རྣམ་པར་སྣང་མཛད་རྡོ་རྗེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་སོགས་བཞུགས། |