92698

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེངྒེ་རྒྱ་མདུད་དགོན་ (1)
Part of speech མིང་ཚིག
Definition ཀཿཐོག་སི་ཏུ་རིན་པོ་ཆེས་ལྕགས་རིའི་འདབས་ལ་བཏབ། འབོད་པ་གོང་འོག་གཉིས་ཀྱི་ཚོ་བ་གཉིས་སུ་གྱེས་པས་དགོན་པ་ཡང་གཉིས་སུ་གྱུར། འབོད་པ་འོག་མའི་དགོན་པ་ནག་སྒར་ཡིན། ཀཿཐོག་མཁན་པོ་འཇིགས་མེད་འོད་ཟེར་དང་ལམ་ཀོས་བླ་མ་སངས་རྒྱས་རྒྱ་མཚོས་སོགས་ཀྱིས་བསྐྱངས། ། དེ་རྗེས་བླ་མ་སྒེས་ཕྲིན་དང་ཆོས་སྐོར་གཉིས་ཀྱི་དངུལ་སྐྱལ་ཞེས་པའི་ས་རུ་དགོན་པ་བཏབ། ཕྱི་ལོ་ ༡༩༨༩ ལོར་དགོན་པ་བཞེངས་རྒྱུའི་ཆོག་མཆན་ཐོབ། ས་ཆ་སེངྒེ་རྒྱ་མདུད་ཞེས་པའི་གནས་སུ་སྤྲུལ་པདྨ་རྒྱལ་མཚན་གྱིས་བསྐྱར་བཞེངས་བྱས། ཧོར་ཟླ་ལྔ་པའི་ནང་རྡོར་སེམས་སྒྲུབ་པ་དང་། ཟླ་བ་དྲུག་པའི་ནང་དབྱར་གནས་དང་། དགུན་ཆོས་ཧོར་ཟླ་བཅུ་པའི་ནང་ཕུར་པ་གུར་དྲག་སོགས་འདོན། ད་ལྟ་དགོན་པའི་མཚན་ལ་ཐུབ་བསྟན་བཤད་སྒྲུབ་པདྨའི་དགའ་ཚལ་བཀྲ་ཤིས་ཆོས་འཕེལ་གླིང་ཞེས་གསོལ།།