92702
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། རྗེས་སུ་བྱ་བར་དཀའ་བ་དྲི་མ་མེད་པ་ཞེས་པའི་ཆོས་ཀྱི་སྒོ། སྦྲང་མ་དང་བུང་བུའི་མེ་ཏོག་གི་དྲི་ཞེས་བྱ་བའི་ཆོས་ཀྱི་སྒོ། རིན་པོ་ཆེ་རྣམ་པར་བསྒྱིངས་པའི་བློ་གྲོས་ཀྱིས་རྣམ་པར་རྩེ་ཞིང་གཉིད་ཀྱིས་ནོན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། རིན་པོ་ཆེའི་ལྷུན་པོ་མངོན་པར་རབ་ཏུ་གཡོ་བའི་མཆོག་ཐོབ་པར་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ། ཆུ་འབབ་པ་ལྟ་བུར་རྩེ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། ས་ཀུན་ཏུ་རབ་ཏུ་གཡོ་བ་རྒྱ་ཆེར་རྩེ་བ་ལ་དམིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། ལག་པ་གཡས་གཡོན་གྱི་མཐིལ་གསལ་བར་གཅོད་པ་ལྟ་བུར་མངོན་པར་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ། ཉ་བོ་ཆེ་དག་གི་མཇུག་མ་མངོན་པར་རྩེ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། ཐོབ་པར་དཀའ་བ་དང་། རྟོག་པར་དཀའ་བ་རབ་ཏུ་སྟོན་པ་ལ་མངོན་པར་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ། རྒྱུན་ཐམས་ཅད་ཀྱི་རྣམ་པ་ལ་རབ་ཏུ་དགའ་ཞིང་མངོན་པར་རྩེ་བ་ལ་དམིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོའོ། ། |
| Domain | ཆོས་ལུགས། |