92721
< Dictionaries | Monlam Grand
Jump to navigation
Jump to search
Part of speech | བྱ་ཚིག |
---|---|
Definition | དོན་གནད་གང་ཞིག་ལ་བསམ་བློ་གཏོང་བའི་དོན། |
Keyword | True |
Transitive | བྱ་བྱེད་ཐ་དད་པ། |
Future | [བསམ།, མི་ལ་ཕན་ཞིག་ཐོགས་ན་བསམ་ཡོད།] |
Present | [སེམས།, རྒྱུན་དུ་གཞན་དོན་སེམས་མཁན་གྱི་སྐྱེས་བུ།] |
Past | [བསམས།, ཁོང་ལ་ཕན་ན་བསམས་པ་ཡིན།] |
Imperative | [སོམས།, རྒྱུན་དུ་གཞན་དོན་ལ་སོམས་ཤིག་ལྟ་བུ།] |
{{#arraymap:སེམས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ནང་གི་དབང་པོ་ལ་བརྟེན་ནས་ཕྱིའི་ཡུལ་སོགས་འཛིན་བྱེད་ཀྱི་བློ་ཞིག |
Keyword | True |
Example | ཕ་མ་སེམས་ལ་དྲན། ཕ་ཡུལ་སེམས་ནས་མ་བརྗེད་ལྟ་བུ། |
{{#arraymap:སེམས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ། སེམས་ཞེས་པ་ནི། རང་གི་ཡུལ་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་བློ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། རང་གི་འཁོར་དུ་གྱུར་པའི་སེམས་བྱུང་དང་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཀྱི་རིག་པ། རང་ཉིད་སེམས་ཡིན་པའི་མཚན་ཉིད། དེ་དང་གཙོ་སེམས་དོན་གཅིག་ཅེས་དང་། དེ་ལ་དབྱེ་ན། མིག་གི་རྣམ་པར་ཤེས་པ། རྣ་བའི་རྣམ་པར་ཤེས་པ། སྣའི་རྣམ་པར་ཤེས་པ། ལྕེའི་རྣམ་པར་ཤེས་པ། ལུས་ཀྱི་རྣམ་པར་ཤེས་པ། ཡིད་ཀྱི་རྣམ་པར་ཤེས་པ་རྣམས་སུ་ཡོད། མཚན་ཉིད་རིམ་པ་ལྟར། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་མིག་དབང་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་པའི་གཙོ་བོའི་རྣམ་རིག་དེ། རང་ཉིད་མིག་གི་རྣམ་པར་ཤེས་པ་ཡིན་པའི་མཚན་ཉིད། དེས་ཕྱི་མ་རྣམས་ལའང་རིགས་བསྒྲེའོ་ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:སེམས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བྱེ་བྲག་སྨྲ་བ། མཆིམས་མཛོད་ལས། དགེ་མི་དགེ་ལ་སོགས་པར་འབྱེད་པས་ན་སེམས་དང༌། གཟུགས་ལ་སོགས་པ་ཤེས་པས་ན་ཡིད་དང༌། དམིགས་པ་རྣམ་པར་ཤེས་པས་ན་རྣམ་ཤེས་ཞེས་གསུངས་པའི་ཕྱིར་རོ་ཞེས་བྱེ་བྲག་ཏུ་སྨྲ་བས་འདོད་དོ། །ཞེས་གསུངས། སེམས་ནི་ཡུལ་གྱི་ངོ་བོ་དང་ཁྱད་པར་གཉིས་ཀྱི་ནང་ནས་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་ཤེས་པ་ཞིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། སེམས་དང་སེམས་བྱུང་གི་ཡུལ་མཐོང་ཚུལ་གྱི་ཁྱད་པར་ཡོད་དེ། སེམས་ཀྱིས་ནི་ཡུལ་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་ཞིང༌། སེམས་བྱུང་གིས་ཡུལ་གྱི་ཁྱད་པར་རང་སྟོབས་ཀྱིས་མཐོང་བ་ཡིན། སྐབས་འདིའི་ངོ་བོ་དང་ཁྱད་པར་ཞེས་པ་ནི་ཁྱད་གཞི་དང་ཁྱད་ཆོས་ལ་བྱེད་པ་ཡིན་ཏེ། དཔེར་ན་ཁྱད་གཞི་བུམ་པ་ལ་ངོ་བོ་དང༌། ཁྱད་ཆོས་མཆུ་ཞབས་ལྟོ་བ་སོགས་ལ་ཁྱད་པར་ཞེས་བརྗོད་པར་སྣང་ཞིང༌། དེ་ཙམ་ཞིག་ཏུ་ངེས་པ་ཡང་མ་ཡིན་ཏེ ། ནང་གསེས་ཞིབ་ཏུ་ཕྱེ་ནས་ཆོས་ཐམས་ཅད་ལ་ངོ་བོ་དང་ཁྱད་པར་རམ་ཁྱད་གཞི་དང་ཁྱད་ཆོས་ཚང་སྟེ། བུམ་པའི་ཆུ་ཁྱད་གཞིར་བཟུང་ན། དེའི་དབྱིབས་དང་ཁ་དོག་སོགས་ཁྱད་ཆོས་དང༌། དེའི་ཁ་དོག་ཁྱད་གཞིར་བཟུང་ན། དེའི་ཆ་ཤས་རྣམས་ཁྱད་ཆོས་སུ་འགྱུར་བ་སོགས་ཡིན་ལ། འོན་ཀྱང་བྱེ་བྲག་སྨྲ་བས་རྡུལ་ཕྲ་རབ་སོགས་ཆ་མེད་དུ་འདོད་པ་ལྟར་ན་དེ་འདྲ་བ་འགའ་ཞིག་ལ་ནི་ཁྱད་གཞི་དང་ཁྱད་ཆོས་སོ་སོར་འབྱེད་དུ་མེད་ལ། གཞན་ཐམས་ཅད་ལ་ཡོད་དོ། །ཞེས་གསུངས། |
Synonyms | སེམས། ཡིད། རྣམ་ཤེས། ཡིད་ཀྱི་ཁམས། རྣམ་ཤེས་ཀྱི་ཕུང་པོ། |
{{#arraymap:སེམས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ་སྡེ་པ། མཆིམས་མཛོད་ལས། མདོ་སྡེ་པ་ནི་དགེ་མི་དགེའི་བག་ཆགས་བསགས་པས་ན་སེམས་དང༌། རྟེན་དུ་གྱུར་པས་ན་ཡིད་དང༌། བརྟེན་པར་གྱུར་པས་ན་རྣམ་པར་ཤེས་པ་དང༌། དེ་བཞིན་དུ་མ་འོངས་པ་ནི་སེམས་དང་། འདས་པ་ནི་ཡིད་དང༌། ད་ལྟ་བྱུང་བ་ནི་རྣམ་པར་ཤེས་པ་དང༌། ཁམས་དང་སྐྱེ་མཆེད་བསྟན་པར་ཡིད་ཀྱི་སྐྱེ་མཆེད་དང༌། ཕུང་པོ་བསྟན་པར་རྣམ་པར་ཤེས་པའི་ཕུང་པོ་ཞེས་གསུངས་སོ། །དེའི་ཕྱིར་མཁས་པ་དག་བྱེད་པ་གསུམ་དང༌། དུས་གསུམ་དང༌། བསྟན་པ་གསུམ་གྱི་དབང་གིས་སོ་ཞེས་འཆད་དོ། །ཞེས་གསུངས། |
{{#arraymap:སེམས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སེམས་ཙམ་པ། མཆིམས་མཛོད་ལས། རྣམ་འབྱོར་སྤྱོད་པ་བ་ནི་སེམས་ནི་ཀུན་གཞི་རྣམ་ཤེས་དང༌། ཡིད་ནི་ཉོན་ཡིད་དང༌། རྣམ་ཤེས་ནི་འཇུག་པའི་རྣམ་ཤེས་ལ་འདོད་དོ། །སྟུག་པོ་བཀོད་པའི་མདོ་ལས། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། །དེ་ལ་ངར་འཛིན་ཡིད་ཡིན་ནོ། །ཡུལ་ལ་རྣམ་པར་རིག་པ་གང༌། །དེ་ནི་འཇུག་པའི་རྣམ་ཤེས་འདོད། །ཅེས་གསུངས་པའི་ཕྱིར་རོ། །ཞེས་གསུངས། |
{{#arraymap:སེམས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སེམས་ཞེས་པ་དང་ཀུན་གཞི་རྣམ་ཤེས་དོན་གཅིག་སྟེ། ཇོ་ནང་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་རྣམ་བཤད་ཟིན་བྲིས་ལས། ཀུན་གཞི་རྣམ་པར་ཤེས་པ་ཡིན་ཞིང། མདོ་ལས། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། ཞེས་འབྱུང་ངོ་། ། |
{{#arraymap:སེམས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། སེམས་ཉིད་ཇི་ལྟ་བུ་ཡིན་ཞེ་ན། སེམས་ནི་བྱང་ཆུབ་ཆེན་པོའི་ངོ་བོ་གདོད་ནས་མ་སྐྱེས་ཀྱང་སྐྱེ་བའི་ཆོ་འཕྲུལ་ཅན་ཐམས་ཅད་འབྱུང་བའི་བདག་ཉིད་ཅན་ཡིན་ཏེ། དེ་ལྟར་རྒྱུད་ཕྱི་མ་ལས་གསུངས་པ། སེམས་ཉིད་དེ་ནི་ཇི་ལྟ་བུ། །བྱང་ཆུབ་དེ་ནི་སེམས་ཡིན་ནོ། །སེམས་དང་བྱང་ཆུབ་དབྱེར་མེད་པས། །ཐམས་ཅད་མ་ལུས་ཆོས་སོ་ཅོག ། སེམས་དང་བྱང་ཆུབ་ཉིད་དུ་འདུས། །ཞེས་གསུངས་ཏེ། སེམས་སྐྱེ་བ་མེད་པའི་ངོ་བོ་ནི་བྱང་ཆུབ་ཆེན་པོའི་རང་བཞིན་ཡིན་ལ། སེམས་དང་བྱང་ཆུབ་ཀྱི་རང་བཞིན་དུ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་འདུས་ཤིང་དབྱེར་མེད་པར་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། ། |
{{#arraymap:སེམས་
|; |@@@ | | }}