92744
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་སུམ་ཅུ་པ་ལས་བྱུང་བ་སྟེ། ༡ འདས་པའི་སངས་རྒྱས་ཀྱི་ཆོས་ཀྱིས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད། ༢ མ་བྱོན་པའི་སངས་རྒྱས་ཀྱི་ཆོས་ཀྱིས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད། ༣ ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་ཀྱིས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད། ༤ ཚུལ་ཁྲིམས་ཀྱིས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད། ༥ སེམས་ཀྱིས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད། ༦ ལྟ་བ་དང་། ནེམ་ནུར་དང་། དོགས་པ་བསལ་བས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད། ༧ ལམ་དང་ལམ་མ་ཡིན་པས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད། ༨ ནན་ཏན་དང་སྤོང་བ་ཤེས་པས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད། ༩ བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་གོང་ནས་གོང་དུ་བསྒོམ་པས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད། ༡༠ སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དོ། ། |
| Domain | ཆོས་ལུགས། |