92756
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ཉེ་བར་ལེན་པའི་འཆིང་བས་ནི། ལུས་དང་སེམས་བཅིངས་སོ། །མྱོང་བའི་འཆིང་བས་ནི། ཚོར་བ་རྣམས་ལ་བཅིངས་སོ། །རྣམ་པར་རིག་པའི་འཆིང་བས་ནི། གཟུགས་ལ་སོགས་པ་ཡུལ་གྱི་མཚན་མ་རྣམས་ལ་བཅིངས་སོ། །མངོན་པར་ཞེན་པའི་འཆིང་བས་ནི། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ནི་ཇི་སྐད་བསྟན་པའི་ལུས་ལ་སོགས་པ་དེ་དག་ཉིད་ལ་བཅིངས་ཏེ། འཆིང་བ་བཞི་པོ་དག་གི་གཉེན་པོ་ནི་དྲན་པ་ཉེ་བར་གཞག་པ་བཞི་ཡིན་པར་རིག་པར་བྱའོ། ། |
| Domain | ཆོས་ལུགས། |